歌手:
班玛措
专辑:
《新年欢歌》 作词 : 巴桑才仁
作曲 : 才仁巴桑
ལོ་སར་འཛོམས་གླུ།
ཚིག པ་སངས་ཚེ་རིང་།
དབྱངས། ཚེ་རིང་པ་སངས།
ལེན་མཁན། པདྨ་མཚོ།
སྒང་པ་བོད་ཀྱི་གནམ་ལོ་གསར་པ་རེད།།
ཕ་མ་བུ་ཕྲུག་མཉམ་དུ་འཛོམས་པ་ལ།།
ངག་ཚིག་འཛོམས་པའི་གླུ་ཡིས་རྟེན་འབྲེལ་ཞུ།།
གླུ་ལ་གླུ་བརྒྱ་སེམས་པ་སྐྱིད་པར་སྨོན།།
བདུད་རྩིའི་ཆང་གི་བཀྲ་ཤིས་རྟེན་འབྲེལ་འགྲིག།
བཀྲ་ཤིས་བདེ་ལེགས་ནད་མེད་ཚེ་རིང་ཤོག།
བཀྲ་ཤིས་བདེ་ལེགས་བསམ་དོན་འགྲུབ་པར་ཤོག།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།
༜༜༜
སྒང་པ་བོད་ཀྱི་གནམ་ལོ་གསར་པ་རེད།།
ཡུལ་མི་སྤུན་མཆེད་མཉམ་དུ་འཛོམས་པ་ལ།།
གར་སྟབས་འཛོམས་པའི་བྲོ་ཡིས་རྟེན་འབྲེལ་ཞུ།།
བྲོ་ལ་བྲོ་བརྒྱ་བསམ་དོན་འགྲུབ་པར་སྨོན།།
ཁ་བཏགས་དཀར་པོའི་བཀྲ་ཤིས་རྟེན་འབྲེལ་འགྲིག།
བཀྲ་ཤིས་བདེ་ལེགས་ནད་མེད་ཚེ་རིང་ཤོག།
བཀྲ་ཤིས་བདེ་ལེགས་བསམ་དོན་འགྲུབ་པར་ཤོག།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།
ཁ་བཏགས་དཀར་པོའི་བཀྲ་ཤིས་རྟེན་འབྲེལ་འགྲིག།
བཀྲ་ཤིས་བདེ་ལེགས་ནད་མེད་ཚེ་རིང་ཤོག།
བཀྲ་ཤིས་བདེ་ལེགས་བསམ་དོན་འགྲུབ་པར་ཤོག།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།