歌手:
班玛措
专辑:
《安多布姆》 作词 : 恰嘎•多杰才让
作曲 : 旦正才让
ཨ་མདོ་བུ་མོ།
ཚིག ཆབ་འགག་རྡོ་རྗེ་ཚེ་རིང་།
དབྱངས། རྟ་མགྲིན་ཚེ་རིང་།
ལེན་མཁན། པདྨ་མཚོ།
ཨ་མདོ་བུ་མོའི་རྣམ་ཤེས།
དཀར་པོ་གངས་ལ་ཐིམ་ཡོད།
མཛེས་སྡུག་རྨ་ཆེན་གངས་རི།
ཨ་མདོ་བུ་མོ་ཡིན་སོང་།
ཨ་མདོ་བུ་མོའི་ལས་དབང་།
སྔོན་མོ་མཚོ་ལ་ཐིམ་ཡོད།
ལྷ་མཚོ་ཁྲི་ཤོར་རྒྱལ་མོ།
ཨ་མདོ་བུ་མོ་ཡིན་སོང་།
ལྷ་ཆབ་རྨ་ཆུ་སྔོན་མོ།
བཅུ་དྲུག་བུ་མོའི་ལང་ཚོ།
གསེར་དངུལ་ཉི་ཟླའི་རྣ་ལུང་།
བུ་མོའི་རྒྱན་ཆ་ཡིན་སོང་།
ཨ་རོག་ཨ་མདོ་བུ་མོ་ལ།
གཤིས་རྒྱུད་བཟང་ལ་ཕྱི་ཐག་རིང་།
བཟང་གསུམ་འཛོམས་ཡོད།
ཕ་བཟང་གི་བུ་མོ་རིགས་བཟང་གི་རྒྱུད་པ་རེད།
ཡེ་་་ ཡེ་་་ཨ་མདོ་བུ་མོ་བཟང་བ་ལ།
ཡེ་་་བྱམས་དང་སྙིང་རྗེ་ཡོད།
ཡེ་་་ཡ་རེ་ཡེ། ཁྲེལ་གཞུང་ཡོད།
ངང་རྒྱུད་དྲང་། ངང་རྒྱུད་དྲང་བའི་བུ་མོ་ཡིན།
རང་ཅག་གི་ཨ་མདོ་བུ་མོའི་གཤིས་རྒྱུད་མདའ་ལས་དྲང་ཡོད།
སེམས་རྒྱུད་བཟང་པོ། སེམས་རྒྱུད་བཟང་པོ་བྱང་ཆུབ་སེམས་དཔའ་རེད།
རེད་་་རེད།
སྟོད་ནས་ཡོང་བའི་དབུས་ཕྱོགས་ཀྱི་གསར་བུ་འདི་ཚོ་དང་།
སྨད་ནས་ཡོང་བའི་ཁམས་དང་ཨ་མདོ་ཡུལ་གྱི་ཁྲ་ཆིལ་ལེར་འཛུམ་མདངས་དགོད་པའི་གཞོན་སྐྱེས་འདི་ཚོ་ཡ།
ང་ལ་ང་ལ་ང་ལ། བུ་མོ་ང་ལ་མགོ་སྐོར་མ་གཏོང་།
ང་ནི་ཨ་མདོ་ཡུལ་གྱི་ཕ་བཟང་གི་བུ་མོ།
མ་བཟང་གི་ཡ་ཆུང་སྙིང་གི་གཅེས་མ་དེ་ཡིན། གཅེས་མ་དེ་ཡིན།
༜༜༜
ཨ་མདོ་བུ་མོའི་རྣམ་ཤེས།
དཀར་པོ་གངས་ལ་ཐིམ་ཡོད།
མཛེས་སྡུག་རྨ་ཆེན་གངས་རི།
ཨ་མདོ་བུ་མོ་ཡིན་སོང་།
ཨ་མདོ་བུ་མོའི་ལས་དབང་།
སྔོན་མོ་མཚོ་ལ་ཐིམ་ཡོད།
ལྷ་མཚོ་ཁྲི་ཤོར་རྒྱལ་མོ།
ཨ་མདོ་བུ་མོ་ཡིན་སོང་།
རླབས་དཀར་ཟེགས་མ་རེ་རེ།
ན་ཆུང་བུ་མོའི་ལང་ཚོ།
རྟ་ནོར་ལུག་གི་ཁྱུ་ཚོགས།
བུ་མོའི་འཚོ་བ་ཡིན་སོང་།
ཨ་རོག་ཨ་མདོ་བུ་མོ་ལ།
གཤིས་རྒྱུད་བཟང་ལ་ཕྱི་ཐག་རིང་།
བཟང་གསུམ་འཛོམས་ཡོད།
ཕ་བཟང་གི་བུ་མོ་རིགས་བཟང་གི་རྒྱུད་པ་རེད།
རླབས་དཀར་ཟེགས་མ་རེ་རེ།
ན་ཆུང་བུ་མོའི་ལང་ཚོ།
རྟ་ནོར་ལུག་གི་ཁྱུ་ཚོགས།
བུ་མོའི་འཚོ་བ་ཡིན་སོང་།
ཨ་རོག་ཨ་མདོ་བུ་མོ་ལ།
གཤིས་རྒྱུད་བཟང་ལ་ཕྱི་ཐག་རིང་།
བཟང་གསུམ་འཛོམས་ཡོད།
ཕ་བཟང་གི་བུ་མོ་རིགས་བཟང་གི་རྒྱུད་པ་རེད།
ཡེ་་་ ཡེ་་་ཨ་མདོ་བུ་མོ་བཟང་བ་ལ།
ཡེ་་་བྱམས་དང་སྙིང་རྗེ་ཡོད།
ཡེ་་་ཡ་རེ་ཡེ། ཁྲེལ་གཞུང་ཡོད།
ངང་རྒྱུད་དྲང་། ངང་རྒྱུད་དྲང་བའི་བུ་མོ་ཡིན།