异乡之歌
音乐作品
歌手:巴贡森格
专辑:《音乐作品》

作词 : 曲尔却
作曲 : 叶罗
ས་མཐའི་གླུ།
ཚིག ཆོས་ཨ་མཆོག
དབྱངས། གཡུ་ལོ།
གཞས་པ། ཆོས་ཨ་མཆོག
ང་བུ་ཆུང་ས་མཐའ་འགྲོ་བ་ལ།།
དྲིན་ཕ་མས་སྐྱབས་འཇུག་ལྷ་ལ་ཞུས།།
བུ་ང་ལ་བར་ཆད་མི་འབྱུང་ལེ།།
ཁ་ཚིག་གསུམ་སྨོན་ལམ་བཏབ་ནས་ཡོད།།
ཨ།
འོ།
བུ་ང་ལ་བར་ཆད་མི་འབྱུང་ལེ།།
ཁ་ཚིག་གསུམ་སྨོན་ལམ་བཏབ་ནས་ཡོད།།
གནས་རྒྱུས་མེད་མི་ཡུལ་ལུང་པ་ལ།།
འགྲོ་བསམ་པའི་འདུན་པ་ང་ལ་མེད།།
འགྲོ་དགོས་པ་སྔོན་གྱི་བསྐོས་ཐང་རེད།།
སེམས་སྐྱོ་ཡང་མི་འགྲོ་ཐབས་མེད་རེད།།
ཨ།
འོ།
འགྲོ་དགོས་པ་སྔོན་གྱི་བསྐོས་ཐང་རེད།།
སེམས་སྐྱོ་ཡང་མི་འགྲོ་ཐབས་མེད་རེད།།
གནའ་སྔ་རབས་བོད་ཀྱི་གཏམ་དཔེ་ལ།།
སྐྱེས་ཕོ་རབ་འགྲོ་ས་ས་མཐའ་རེད།།
འགྲོ་ཤེས་ན་ས་མཐའ་དགའ་རབས་ཡོད།།
གཏམ་དེ་ཚོ་བསམ་ན་ཡིད་རེ་དྲོ།།
ཨ།
འོ།
འགྲོ་ཤེས་ན་ས་མཐའ་དགའ་རབས་ཡོད།།
གཏམ་དེ་ཚོ་བསམ་ན་ཡིད་རེ་དྲོ།།
ང་ཕོ་རབ་ཡིན་ཅི་ཟེར་ལེ་མིན།།
ལས་བསྐོས་པ་ས་མཐའི་ཡུལ་ལ་བསྐོས།།
གཞི་ཕ་ཡུལ་ཁ་ཐག་རིང་ན་ཡང་།།
ང་གར་སོང་སེམས་ཀྱི་འཁྲི་ས་ཡིན།།
ཨ།
འོ།
གཞི་ཕ་ཡུལ་ཁ་ཐག་རིང་ན་ཡང་།།
ང་གར་སོང་སེམས་ཀྱི་འཁྲི་ས་ཡིན།།
ཨ།
འོ།
གཞི་ཕ་ཡུལ་ཁ་ཐག་རིང་ན་ཡང་།།
ང་གར་སོང་སེམས་ཀྱི་འཁྲི་ས་ཡིན།།
གཞི་ཕ་ཡུལ་ཁ་ཐག་རིང་ན་ཡང་།།
ང་གར་སོང་སེམས་ཀྱི་འཁྲི་ས་ཡིན།།
འཁྲི་ས་ཡིན།།
更多>> 巴贡森格的热门歌曲