如诗岁月
如诗岁月
歌手:巴贡森格
专辑:《如诗岁月》

作词 : 巴贡森格//曲尔乔
作曲 : 巴贡森格
ལམ་གྱི་ལེའུ།
ཚིག ཆོས་ཨ་མཆོག གཡུ་ལོ།
དབྱངས། གཡུ་ལོ།
ཁྱོད་ངེད་གཉིས་མ་བོས་མཉམ་དུ་འཛོམས།
你我不约而聚
ཚེ་སྔ་མའི་ལས་ཀྱི་བསྐོས་ཐང་འདྲ།
是前世的注定
དུས་དེ་ནས་བཟུང་དགའ་རོགས་སྐྱོ་རོགས་ཡིན།
从此同甘共苦
ཀྱེ་མ།
嗟呼
སློབ་གྲོགས། ཁར་རྩང་ཡོང་སའི་ལམ་གྱི་ལེའུ་ལ།
同学啊 向昔日的路
དེ་རིང་སླར་ཡང་རྗེས་རྒྱང་ལྟ་ཐེངས་གཅིག་བྱེད་པའི་ཚེ།
如今再次回眸
ཁྱོད་དང་ང་ཡི་ལང་ཚོ་ཡི་མེ་ཏོག་གང་ཞིག་དུ་ཡལ་སོང་།
你和我的青春之花凋谢在哪里
ཁྱོད་དང་ང་ཡི་མཛེས་སྡུག་གི་རྨི་ལམ་གང་ཞིག་ཏུ་ལུས་སོང་།
你和我的美好梦想遗忘在何处
སུ་ཡི་ལྷད་མེད་ཀྱི་དགོད་སྒྲ་གང་གི་སེམས་ནང་ནས་ཐོས་སོང་།
谁那真诚的笑声谁用心去听过
སུ་ཡི་མིག་ནང་གི་མཆི་མ་གང་གི་ཞེ་གཏིང་དུ་འཐོར་སོང་།
谁那眼中的泪水滴落在谁的心头
སུ་ཡི་བསྟན་བཤིག་གི་ལོ་ཟླ་གང་གི་སེམས་ཁོང་ལ་བཀོད་ཡོད།
谁的调皮岁月深刻在谁的印象中
ཁྱོད་དང་ང་ཡི་བྱིས་བློ་དྭངས་མས་འཇིག་རྟེན་འདི་རྩེད་རར་བསྒོམས་མྱོང་།
我们把世间当过玩耍的乐园
ཁྱོད་དང་ང་ཡི་རྩེ་ཆས་ཆུང་ཆུང་དེ་དགེ་རྒན་ཕྱག་ཐོག་ཏུ་ལྷག་སོང་།
我们可爱的玩具献于老师的手上
ཁྱོད་དང་ང་ཡི་དཔེ་ཀློག་གི་དབྱངས་རྟ་ཕ་མའི་སྙན་ལམ་དུ་ཕུལ་མྱོང་།
我们让父母听过朗朗书声
ཡ། སློབ་གྲོགས།
同学啊
དེ་རིང་ཡན་ཆད་ཀྱི་ང་ཚོ་མཉམ་གཅིག་ཏུ་གང་ཞིག་ལ་ཆས་སོང་།
今日之前的我们已去了何向
སློབ་གྲོགས། མ་འོངས་མི་ཚེ་དར་རེས་རྒུད་རེས་རེད།
同学啊 未来的人生时起时落
ང་ཚོ་ཕན་ཚུན་སྐྱོར་རེས་འདེགས་རེས་ངང་ནས་འགྲོ།
我们齐心协力走完这一生
ཁྱོད་དང་ང་ཡི་ཚེ་སྲོག་གི་ཡང་སྙིང་ནམ་ཞིག་ལ་འཚོལ་ཐུབ།
我们何时才能找到生命的真谛
ཁྱོད་དང་ང་ཡི་མདུན་ཕྱོགས་ཀྱི་ལམ་སྣེ་གང་ཞིག་ལ་ཐུག་ཡོད།
你和我前方的路头又通向何处
སུ་ཡི་དཀའ་སྡུག་གི་ཁུར་པོ་གང་གི་ཕྲག་སྟེང་དུ་འགྱོག་ཆོག
谁的重担扛在谁的肩上
སུ་ཡི་བཅོས་མིན་གྱི་འཛུམ་ཆུང་གང་གི་སེམས་ནང་དུ་བཞད་ཆོག
谁的纯真笑容绽放在谁的心中
སུ་ཡི་ཁེར་རྐྱང་གི་རྒྱང་སྐྱོད་གང་གིས་སྐྱེལ་མ་རེ་བྱ་དགོས།
谁的独自远行由谁来接送
ཁྱོད་དང་ང་ཡིས་ཡ་སོ་ཡིས་མ་མཆུ་མ་འོངས་འགག་འཕྲང་ནས་བསྡམ་དགོས།
我们将要咬紧牙关熬过艰难
ཁྱོད་དང་ང་ཡི་བརྩེ་འདང་དམར་པོ་ཡིས་འཇིག་རྟེན་སྣང་བ་འདི་གསོ་དགོས།
用我们的深情将温暖彼此的心
ཁྱོད་དང་ང་ཡི་མཛའ་མཐུན་གྱི་འཕྲོ་མ་ལོ་དང་ཟླ་བ་ཡིས་བསྲིང་དགོས།
我们的厚谊将天长地久
ཡ། སློབ་གྲོགས།
同学啊
དེ་རིང་ཕན་ཆད་ཀྱི་ང་ཚོ་མཉམ་གཅིག་ཏུ་གང་ཞིག་ལ་བཞུད་འགྲོ།
今后的我们又会走向哪里
སུ་ཡི་ཆུང་དུས་ཀྱི་འཛུམ་ཀོང་གང་གི་རྗེས་དྲན་གྱི་ལོ་ཡིན།
你儿时酒窝是我童年的回忆
སུ་ཡི་རྒས་དུས་ཀྱི་གཉེར་མ་གང་གི་ན་ཚོད་ཀྱི་བརྡ་ཡིན།
你满脸的皱纹是我岁月的痕迹
更多>> 巴贡森格的热门歌曲