歌手:
巴贡森格
专辑:
《父亲》 作词 : 巴贡森格/曲尔却
作曲 : 巴贡森格
ཕ་དྲིན་ཆེན།
ཚིག གཡུ་ལོ། ཆོས་ཨ་མཆོག
དབྱངས། གཡུ་ལོ།
རོལ་མོ། གཡུ་ལོ།
ཚེ་སྔར་སྟོད་ཨ་མྱེ་བཞུགས་པའི་དུས།
曾经爷爷在世的时侯
ཕ་དྲིན་ཆེན་ཟླ་བ་ཚེས་འདྲ་ཁོང་།
我那月亮般的父亲
སྦྲ་རོག་སྨུག་ཚང་གི་ཁྱིམ་ལ་སྐྱེས།
出生在油黑的帐篷里
གངས་དཀར་པོའི་འདབས་ནས་གཉོམ་ལག་རྒྱས།
在圣洁的雪山下成长
དེའི་དུས་སུ།
那时候
རྒྱབ་ཟས་གོས་སྣུམ་པོ་མེད་ན་ཡང་།
虽然生活处于缺衣少食
དྲིན་ཕ་མའི་པང་ན་ཉམས་རེ་དགའ།
但有父母的呵护使他感到温暖
སྦྲ་སྨུག་ཆུང་མཐོངས་ཁའི་སྐར་ཚོགས་བརྩི་བའི་བྱིས་པ་དེ།
那个仰望帐篷顶窗数着星星的少年
ཆར་ཟམ་ཟིམ་ཁྲོད་ཀྱི་འཇའ་ཚོན་འདེད་པའི་བྱིས་པ་དེ།
那个蒙蒙细雨中追赶彩虹的少年
དུས་དེང་སང་།
可如今
འཚོ་བའི་དཀའ་སྡུག་གིས་སྐེད་པ་ནང་དུ་བཀུག
因生活艰苦腰弯成了一道山梁
ལོ་ཟླའི་འཁོར་ཚིགས་ཀྱིས་ངོ་གདོང་གཉེར་མས་བཀང་།
因岁月的匆忙脸上刻满皱纹
འོ་བརྒྱལ་ཆེ། དྲིན་ཆེན་ཨ་ཕ་ལགས།
辛苦了 我亲爱的阿爸
ཁྱེད་ནི་ངེད་ཚང་གི་ཁྱིམ་དུ་འགྱིང་པའི་རྔུལ་ཁྲག་གི་རྡོ་རིང་ཡིན།
您是矗立在我们家中的血汗之碑
ཁྱེད་ནི་ངེད་ཚང་གི་སེམས་ལ་འཕྲོས་པའི་རེ་སྨོན་གྱི་འོད་སྣང་ཡིན།
您是照耀在我们家中的希望的曙光
ང་ཆུང་ཆུང་བྱིས་པ་ཡིན་དུས་སུ།
在我很小很小的时候
ཕ་དྲིན་ཆེན་ཉི་མ་ཤར་འདྲ་དེས།
我那太阳般的父亲
རྟ་ནོར་ལུག་འཛོམས་པའི་ཁྱིམ་ཞིག་བསྐྱངས།
守护着一户牛羊成群牧人家
ཚེ་བསོད་ནམས་དབང་ཐང་གཡང་དུ་བཀུག
为这家的生计您招财进宝
དེའི་དུས་སུ།
那时候
གཞི་འཁོར་བའི་འགན་ཁྲི་ལྕི་ན་ཡང་།
虽然负重而涉远
དྲིན་ཕ་ལོའི་མགོ་འཕང་དགུང་ལས་མཐོ།
但父亲依旧志比天高
བློ་སྣང་བ་མཐོན་པོའི་གཤོག་རྩལ་རྒྱས་པའི་ཕོ་གསར་དེ།
那个心中充满理想与信念的男人
ལུས་ལང་ཚོའི་གཟི་མདངས་ཉམས་ལ་དོད་པའི་ཕོ་གསར་དེ།
那个英俊潇洒玉树临风的男人
དུས་ད་ལྟ།
可如今
མགོ་བོའི་སྐྲ་གསེང་ལ་སེ་དང་དཀར་ཐིག་བབས།
乌黑的头发已变得斑白
རྒས་པའི་ན་ཚོད་ཀྱིས་བློ་དང་རིག་པ་བསྒྲིབས།
时光夺走了昔日的聪慧
ཐུགས་རྗེ་ཆེ། དྲིན་ཆེན་ཨ་ཕ་ལགས།
感谢您 我亲爱的阿爸
ཁྱེད་ནི་ངེད་ཚང་གི་སེམས་སུ་འཛུམ་པའི་བདེ་སྐྱིད་ཀྱི་ཉི་མ་ཡིན།
您像幸福的太阳温暖了我们的家
ཁྱེད་ནི་ངེད་ཚང་གི་ཁྱིམ་ལ་སྨིན་པའི་ཡབ་མེས་ཀྱི་སྨོན་འདུན་ཡིན།
您是祖先的祝福结缘在我们的家
ཐུགས་རྗེ་ཆེ། དྲིན་ཆེན་ཨ་ཕ་ལགས།
感谢您 我亲爱的阿爸
ཁྱེད་ནི་ངེད་ཚང་གི་སེམས་སུ་འཛུམ་པའི་བདེ་སྐྱིད་ཀྱི་ཉི་མ་ཡིན།
您像幸福的太阳温暖了我们的家
ཁྱེད་ནི་ངེད་ཚང་གི་ཁྱིམ་ལ་སྨིན་པའི་ཡབ་མེས་ཀྱི་སྨོན་འདུན་ཡིན།
您是祖先的祝福结缘在我们的家
གླུ་དབྱངས་འདི་བརྩེ་བའི་ཕ་རྒན་ཡོངས་ལ་དྲིན་གཟོ་བའི་ལེགས་སྐྱེས་ཀྱི་ཚུལ་དུ་ཕུལ་བ་དགེའོ།།
——此歌谨献给所有的好父亲BA