འཁོར་བ། -轮回
林喜苏杰
歌手:九眼石-阿旺次旦
专辑:《林喜苏杰》

作词 : 直孔仁增
作曲 : 直孔仁增
དལ་འབྱོར་མི་ལུས་ནམ་མཁའི་འཇའ་མཚོན་འདྲ།།
འཇིག་རྟེན་མི་ཚེ་མདངས་གསུམ་རྨི་ལམ་བཞིན།།
མི་ཚེ་འདི་ལ་འདོད་བློ་ཁེངས་ཐབས་མེད།།
སང་སང་གནངས་གནངས་བར་དུ་མི་ཚི་རྫོགས།།

གྲངས་མེད་སེམས་ཅན་མང་པོའི་ཤ་ཁྲག་བཟས།།
བྱམས་དང་སྙིང་རྗེ་ཕྱི་ཚུལ་གོམས་པ་འདྲ།།
རང་དོན་བསྒྲུབས་ནས་རྒྱུ་འབྲས་ཐག་པ་ཆད།།
འཁོར་བའི་ལས་དབང་རེ་བའི་ནང་དུ་རྫོགས།།

བྱམས་པའི་ཕ་མར་དྲིན་ལན་ཁག་པོ་རེད།།
རྒྱུ་དང་དབང་གིས་མི་སེམས་བསླུས་ནས་འདུག།
འཇིག་རྟེན་མི་ཚེ་རང་དོན་ཆེད་དུ་རྫོགས།
འདི་ནི་འཇིག་རྟེན་འཁོར་བའི་ཆོས་ཉིད་ཡིན།
更多>> 九眼石-阿旺次旦的热门歌曲