歌手:
九眼石-阿旺次旦
专辑:
《林喜苏杰》作词 : 爱普扎
作曲 : 桑珠
འཇའ་འོད་གུར་ཁྱིམ་གངས་རིའི་རྩེ་ལ་ཕུལ།།
ལྷ་བྱ་ཐང་དཀར་བྲག་སྟོད་མཐོན་པོར་བཞུགས།།
གངས་དཀར་རི་བོའི་དབུ་འཕང་དགུང་ལ་བསྙེགས།།
གཙང་ཆབ་སྔོན་མོ་མཐའ་ཡས་རྒྱ་མཚོས་བསྐོར།།
བདེ་བ་ཅན་ནི་ང་ཚོའི་སེམས་ནང་ཡོད།།
འཆི་མེད་ཞི་བདེ་ང་ཚོའོ་རྩ་བ་ཡིན།།
གང་ཡང་མིན་འདུག་མ་བསམ་ཡང་།།
སེམས་པ་སྔོན་དགུང་ལ་བཏེགས་དང་།།
ཡ་རབས་སྤྱོད་བཟང་བོད་ཀྱི་མི།།
དཀའ་སྤྱད་ལས་ལ་བརྩོན་པའི་མི་རྒྱུད་རེད།།
སྐྱིད་སྡུག་མི་སྙོམས་གང་བྱུང་ཡང་།།
སེམས་པ་ཨ་སྔོན་དགུང་ལ་བཏེགས་དང་།།