歌手:
九眼石-阿旺次旦
专辑:
《林喜苏杰》作词 : 直孔仁增
作曲 : 直孔仁增
གཡུ་གཞོང་རྩྭ་ཐང་སྟེང་གི།
ཡིད་འོང་ལུག་རྫིའི་བུ་མོ།།
ཞལ་རས་པད་མའི་མཚར་སྡུག།
ཀུན་གྱི་ཡིད་དབང་ཕྲོགས་སོང་།།
རིན་ཆེན་སྣ་ལྔའི་སྐེ་རྒྱན།།
གཡུ་ཆུང་བརྒྱབ་པའི་སོར་གདབ།།
སྤང་དང་མེ་ཏོག་བར་དུ།།
ལུག་རྫིའི་བུ་མོ་མཛེས་བྱུང་།།
ཨ་ལ་ཡེ་་་་་། ལུག་རྫིའི་བུ་མོ།།
ནམ་མཁའི་ལྷ་ལས་མཚར་བ།།