卓格神山
卓格神山
歌手:赤列达杰
专辑:《卓格神山》

作词 : འབང་གྲགས་ཚེ་རིང།
作曲 : འཕྲིན་ལས་དར་རྒྱས།
演唱:འཕྲིན་ལས་དར་རྒྱས།
སྒྲོ་གད་ཕྱུགས་མོ།
ཕྱི་མི་འགྱུར་རྩེ་གསུམ་བརྗིད་ཆགས་གནས།
ནང་མི་འགྱུར་རིན་ཆེན་གཏེར་མཛོད་གྲགས།
བར་མི་འགྱུར་དགྲ་ལྷའི་སྐུ་མཁར་ཞེས།
རྫ་སྨུག་པོ་སྒོ་གད་ཕྱུགས་མོ་ཟེར།
དབྱར་གསུམ་ལ་རྩེ་ཏོག་སྣ་མངས་ཁེངས།
དགུན་གསུམ་ལ་ཁ་བའི་དབུ་ཞ་སྒྲོན།
དཔྱིད་སྟོན་གསུམ་འདབ་ཆགས་སྐད་སྙན་ས་།
རྫ་སྨུག་པོ་སྒྲོ་གད་ཕྱུགས་མོ་ཟེར།
འཁོར་རི་ཆེན་རི་ཕྲན་བཀོད་པ་ལེགས།
མདུན་སྤང་ཤོངས་ཡངས་པོར་ཉམས་ལྡན་ལ།
གཡས་མཚོ་ནག་གདེངས་ཅན་ལྟ་ན་སྡུག།
ཡུལ་ཨ་མདོའི་རྒྱབ་རི་ཨེ་མ་མཚར།

更多>> 赤列达杰的热门歌曲