བྱང་འབྲོག་པའི་འཚོ་བ།
牧人生活
歌手:赤列达杰
专辑:《牧人生活》

作词 : འབྲོག་འཐོམ་སྐལ་གནམ།
作曲 : འཕྲིན་ལས་དར་རྒྱས།
བྱང་འབྲོག་པའི་འཚོ་བ།
ལེན་མཁན། འཕྲིན་ལས་དར་རྒྱས།
ཡེ་་་དབུ་དཀར་རྒད་པོའི་གནའ་གཏམ་སྙན་དང་གཅིག།།
སོ་དཀར་གཞོན་པའི་ལས་ལ་བརྩོན་དང་གཉིས།།
གཡང་དཀར་ལུག་སོགས་སྒོ་ཕྱུགས་འཛོམས་དང་གསུམ།།
སྲོལ་རྒྱུན་བཟང་པོ་འབྲོག་པའི་འཚོ་བ་རེད།།
ཡེ་་་བྱམས་ལྡན་ཕ་ལོའི་བསྐྲུན་པའི་སྦྲ་ནག་གཅིག།
བརྩེ་ལྡན་མ་ལོའི་བཟོས་པའི་འོ་ཇ་གཉིས།།
ཕ་སྐད་དབྱངས་རྟ་གྱེར་བའི་གོམས་བཤིས་གསུམ།།
ཉམས་མེད་གནས་འདི་འབྲོག་པའི་འཚོ་བ་རེད།།
ཡེ་་་རྫས་འགྱུར་སྟོང་ལས་གྲུབ་པའི་ཟས་ངན་གཅིག།
སྔར་སྐྱུར་དུག་དང་སྦག་པའི་བཏུང་པ་གཉིས།
ནད་རིགས་སྣ་ཚོགས་བླན་པའི་གྱོན་གོས་གསུམ།།
དེ་གསུམ་མེད་པའི་འབྲོག་པའི་འཚོ་བ་ཡིན།།
更多>> 赤列达杰的热门歌曲