康改则
康改则
歌手:岗甲尔
专辑:《康改则》

作词 : 岗甲尔
作曲 : 达日
ཁམས་སྒེར་རྩེ
ཚིག་གངས་རྒྱལ་གྱིས་བརྩམས།
དབྱངས་དར་རིས་བརྩམས།
གླུ་བ་གངས་རྒྱལ་གྱིས་བླངས།
སྟོད་འཛམ་གླིང་འཛིན་མའི་ཡང་རྩེ་ན།
སྟོད་མངའ་རིས་ཟེར་བའི་ཡུལ་གྲུ་ཆགས།
གནས་གངས་མཚོ་རྣམ་གཉིས་བཞུགས་གནས་དེ།
ངའི་ཕ་ཡུལ་མངའ་རེས་སྐོར་གསུམ་ཡིན།།
སྡེ་སྒེར་རྩེའི་བྱང་འབྲོག་རྩྭ་ཐང་སྐྱིད།
དཔོན་མིང་གྲཊ་ཅན་གྱི་གཏམ་བརྒྱུད་ཡོད།
བུ་དཔའ་བོ་ལ་རྒྱ་སྡེ་ལ་ལྡན།
ངའི་ཕ་ཡུལ་སྒེར་རྩེ་གླུ་ཡི་བསྟོད།།
སྡེ་སྒེར་རྩེའི་བྱང་འབྲོག་རྩྭ་ཐང་ན།
ཕྱུགས་དཀར་ནག་ནམ་མཁའི་སྐར་ཚོགས་འགྲན།
སྨན་ཨ་ཅེ་འབྲོག་མོའི་རྫི་གླུ་སྙན།
ངའི་ཕ་ཡུལ་མངའ་རིས་བདེ་ཞིང་སྐྱིད།
གོང་བླ་མའི་མཛད་འཕྲིན་འཕྲིན་ལས་རྒྱས།
འོག་འབངས་མིའི་ཆོས་ལ་དད་པ་ཆེ།
ཡུལ་ཆོས་སྲིད་དར་བའིམངའ་རིས་སྟོད།
སྡེ་ཁམས་ཡུལ་སྒེར་རྩེའི་ངོ་སོ་བསྟོད།།

更多>> 岗甲尔的热门歌曲