阿古顿巴
阿古顿巴
歌手:格桑旺久
专辑:《阿古顿巴》

作词 : 边巴次仁
作曲 : 格桑旺久
ཨ་ཁུ་སྟོན་པ།
ཆུང་དུས་རྨོ་ལགས་ཀྱི་གསུངས་ཡག་ལ།
ལོ་ངོ་སྟོང་ཕྲག་གོང་གི་དུས།
སྤྱང་གྲུང་ལྡན་ལ། རིག་པ་རྣོ་བའི་མི་བུ་ཞིག་ཡོད།
ང་ཚོ་ཁོང་གི་སྒྲུང་ལ་དགའ།
སྒྲུང་དེ་ཉན་ནས་འཚར་ལོངས་བྱུང་།
སེམས་ལ་དགའ་བ་སྐྱོ་བ་ཅི་ཞིག་བྱུང་ཡང་ཁོང་གི་སྒྲུང་དེ་ཉན།
ཨ་ཁུ་སྟོན་པ། ཨ་ཁུ་སྟོན་པ་ལ།
ཁྱོད་ཀྱི་བློ་གྲོས་ལ་ནི་སྤྱང་གྲུང་།
ང་ཚོ་ཚང་མའི་སློབ་སྦྱོང་བྱ་ས།
ཨ་ཁུ་སྟོན་པ། ཨ་ཁུ་སྟོན་པ་ལ།
ཁྱེད་ཀྱི་མི་རྣམས་བདེ་སྐྱིད་ཆེད་དུ།
བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་ཡོད།
དེ་ནི་ང་ཚོའི་ཨ་ཁུ་ཡིན།
ལྷ་སྒྲུང་ལྟ་བུའི་འཚོ་བའི་ནང་དུ།
ང་ཚོའི་དགའ་སའི་ཨ་ཁུ་ཁྱེད།
སྤྱང་གྲུང་ལྡན་ལ། རིག་པ་ནོ་བའི་མི་བུ་ཞིག
ང་ཚོ་ཁོང་གི་སྒྲུང་ལ་དགའ།
སྒྲུང་དེ་ཉན་ནས་འཚར་ལོངས་བྱུང་།
སེམས་ལ་དགའ་བ་སྐྱོ་བ་ཅི་ཞིག་བྱུང་ཡང་ཁོང་གིས་སྒྲུང་དེ་ཉན།
ཨ་ཁུ་སྟོན་པ། ཨ་ཁུ་སྟོན་པ།
ཁྱེད་ཀྱི་བློ་གྲོས་ལ་ནི་སྤྱང་གྲུང་།
ང་ཚོ་ཚང་མའི་སློབ་སྦྱོང་བྱ་ས།
ཨ་ཁུ་སྟོན་པ། ཨ་ཁུ་སྟོན་པ་ལ།
ཁྱེད་ཀྱི་མི་རྣམས་བདེ་སྐྱིད་ཆེད་དུ།
བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་ཡོད།
དེ་ནི་ཨ་ཁུ་སྟོན་པ། ང་ཚོའི་ཨ་ཁུ་སྟོན་པ།
ང་ཚོའི་ཨ་ཁུ་ཨ་ཁུ་སྟོན་པ་ཡིན།
更多>> 格桑旺久的热门歌曲