朝拜
随心
歌手:丹达
专辑:《随心》

作词 : 丹达
作曲 : 丹达
་་་་་་
དེ་རིང་ཞོགས་པ་སྔ་པོ་ནས་མཆོད་མཇལ་ལ་འགྲོ་དགོས་བསམ་བྱུང་།
རོགས་པ་མཉམ་དུ་འཛོམས་རྒྱུ་བྱས་ནས་ཇོ་བོ་ཤྰཀྱ་མུ་ནེ་མཇལ་བར་ཕྱིན།
མཆོད་མཇལ་འགྲོ་མཁན་མི་ཚང་མ་འཚང་ཁ་ཤིག་ཤིག་ངང་ནས་བང་སྒྲིག་སྟེ།
གསོལ་བ་སྨོན་ལམ་འདེབས་པ་དང་ཇོ་བོའི་བྱིན་རློབ་ཐོབ་པ་བྱས།
གཟུགས་པོ་ཐང་ཐང་ཡིན་ན་ཡང་བང་མ་སྒྲིག་པར་ཕྱིན་པ་ཡིན་ན།
མཆོད་མཇལ་ལ་སྐྱོད་པའི་སྙིང་པོ་གང་ཡང་མེད།
འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་གསོལ་བ་སྨོན་ལམ་འདེབས་པའི་
ཆེད་དུ་མཆོད་མཇལ་ལ་མཆོད་མཇལ་ལ་ཕྱིན།
ནང་པ་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་
མི་ཞིག་ཡིན་པས་མཆོད་མཇལ་ལ་མཆོད་མཇལ་ལ་ཕྱིན།
འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་གསོལ་བ་སྨོན་ལམ་འདེབས་པའི་
ཆེད་དུ་མཆོད་མཇལ་ལ་མཆོད་མཇལ་ལ་ཕྱིན།
ནང་པ་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་
མི་ཞིག་ཡིན་པས་མཆོད་མཇལ་ལ་མཆོད་མཇལ་ལ་ཕྱིན།
་་་་་་
དེ་རིང་ཞོགས་པ་སྔ་པོ་ནས་མཆོད་མཇལ་འགྲོ་དགོས་བསམ་བྱུང་།
རོགས་པ་མཉམ་དུ་འཛོམས་རྒྱུ་བྱས་ནས་ཇོ་བོ་ཤྰཀྱ་མུ་ནེ་མཇལ་བར་ཕྱིན།
ལྷ་ཁང་ནང་ལ་སླེབས་ཚར་རྗེས་རྩེད་མོར་མ་གཡེང་སྐད་ཆ་བཤད་མ་བསྡོད།
མགོ་བོ་ཡར་ལ་བཀྱག་ནས་སྐུ་འདྲའི་ཞལ་རས་ཡག་པོ་མཇོལ།
ལྡེབས་རིས་ཐོག་ཏུ་བཀོད་པ་རྣམས་བོད་ཀྱི་ལོ་རྒྱུས་གནའ་སྒྲུང་མང་པོ་ཡོད།
སྐུ་ཞབས་ལགས་ཀྱིས་གནས་བཤད་གནང་བར་ཡག་པོ་བྱས་ནས་ཉོན།
འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་གསོལ་བ་སྨོན་ལམ་འདེབས་པའི་
ཆེད་དུ་མཆོད་མཇལ་ལ་མཆོད་མཇལ་ལ་ཕྱིན།
ནང་པ་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་
མི་ཞིག་ཡིན་པས་མཆོད་མཇལ་ལ་མཆོད་མཇལ་ལ་ཕྱིན།
འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་གསོལ་བ་སྨོན་ལམ་འདེབས་པའི་
ཆེད་དུ་མཆོད་མཇལ་ལ་མཆོད་མཇལ་ལ་ཕྱིན།
ནང་པ་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་
མི་ཞིག་ཡིན་པས་མཆོད་མཇལ་ལ་མཆོད་མཇལ་ལ་ཕྱིན།
མཆོད་མཇལ་ལ་མཆོད་མཇལ་ལ་ཕྱིན།
更多>> 丹达的热门歌曲