父亲
随心
歌手:丹达
专辑:《随心》

作词 : 丹达
作曲 : 丹达
དཔྲལ་པའི་ཐོག་ན་གཉེར་མ་མང་དུ་ཕྱིན་ཞག
དེ་མཛེས་པ། དེ་སྐྱོ་བ།
དེ་ནི་ཁྱེད་ཀྱིས་ངའི་ཆེད་དུ་སྐུ་ལས་སྐྱོན་པའི་མཚོན་རྟགས་རེད།
ཁྱེད་ཀྱི་ཕྱག་ནས་གང་འདོད་ལེན་པ་མ་གཏོགས་ཐུགས་རྗེ་ཞུ་མ་མྱོང་།
ན་ཚོད་དར་ལ་ཐོན་དུས་གཞི་ནས་གཅེས་འཛིན་བྱེད་དགོས་པ་ཤེས།
སྔོན་ཆད་ང་མཚན་གང་ཁྱེད་ཀྱི་པང་དུ་གཉིད་ལ་རོལ་མྱོང་།
ད་ཆ་བུ་ངའི་བསམ་པར་ཁྱེད་རང་སྐུ་ངལ་གསོ་བའི་དུས་ཞིག་ལ་སླེབས་སོང་།
ཨོ་་་་་ དགོངས་པ་མ་ཚོམ། ང་ཡི་བརྩེ་བའི་པྰ་ལགས་ཁྱེད་རང་སྐུ་ལས་ཁག་སོང་།
ཁྱེད་ཀྱིས་ཁྱིམ་ཚང་དེ་་ལོ་བཅུ་ཉི་ཤུ་བསྐྱངས་པ་དང་།
བུ་ངས་ཁྱེད་ལ་པྰ་ལགས་ཞེས་འབོད་ཤེས་དུས་ནས། ང་ལ་བདེ་སྐྱིད་ཀྱི་ཁེངས་ཡོད།
ང་ཡི་བརྩེ་བའི་པྰ་ལགས།

སྔོན་ཆད་བུ་ང་མཚན་གང་ཁྱེད་ཀྱི་པང་དུ་གཉིད་ལ་རོལ་མྱོང་།
ད་ཆ་བུ་ངའི་བསམ་པར་ཁྱེད་རང་སྐུ་ངལ་གསོ་བའི་དུས་ཞིག་ལ་སླེབས་སོང་།
ཨོ་་་་་ བཀའ་དྲིན་ཆེ་སོང་། ང་ཡི་བརྩེ་བའི་པྰ་ལགས་ཁྱེད་རང་སྐུ་ངལ་གསོས་རོགས་གནང་།
བུ་ངས་ཁྱེད་ཀྱི་དྲིན་ལན་འཇལ་བའི་དུས་ལ་སླེབས་སོང་།
གལ་སྲིད་འདམ་ཁ་བྱེད་རྒྱུ་ཡོད་ན་ ཚེ་ཕྱི་མར་ཁྱེད་ཀྱི་བུ་བྱེད་འདོད་།
ང་ཡི་བརྩེ་བའི་པྰ་ལགས།
ང་ཡི་བརྩེ་བའི་པྰ་ལགས།
ཚེ་འདིར་ཁྱེད་ཀྱི་བྱམས་སྐྱོང་འོག་ལ་འཚར་ལོང་བྱུང་བ།
ཚེ་སྔོན་བུ་ངས་བསགས་པའི་བསོད་ནམས་ཡིན།
བུ་ངས་ཁྱེད་ཀྱི་བདེ་སྐྱིད་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡིན།
ང་ཡི་བརྩེ་བའི་པྰ་ལགས།
ང་ཡི་བརྩེ་བའི་པྰ་ལགས།

更多>> 丹达的热门歌曲