分道扬镳
救赎
歌手:黎智坚措
专辑:《救赎》

作词 : 章古泽丹
作曲 : 黎智坚措/旦旦
编曲 : 旦旦

ང་ལ་དགའ་ནི་སྤུན་ཟླ་ཚང་མ་མཉམ་དུ་འགྲོ
ང་ལ་སྡང་ནི་ཁྲམ་པ་དེ་དང་སོ་སོ་གནོངས།
ང་རང་དུང་པའི་སྤུན་ཡ་ཚང་མ་ཚུར་ལ་ཤོག
ང་རང་སུན་པའི་མྱི་ངན་ཚང་མ་ཕར་ལ་སོང་།
ང་ལ་དགའ་ནི་སྤུན་ཟླ་ཚང་མ་མཉམ་དུ་འགྲོ
ང་ལ་སྡང་ནི་ཁྲམ་པ་དེ་དང་སོ་སོ་གནོངས།
ང་རང་དུང་པའི་སྤུན་ཡ་ཚང་མ་ཚུར་ལ་ཤོག
ང་རང་སུན་པའི་མྱི་ངན་ཚང་མ་ཕར་ལ་སོང་།
ད་ལྟའི་ཁོ་བའི་གནས་བབ་ལྕགས་ཀྱི་གཟེབ་ཏུ་ཐེབས།
རུས་ལ་བརྐོས་པའི་ཁོ་བོས་འཕྱ་བའི་ཟུར་མིག་འཕེན།
མིག་སྔར་ཁོ་བོའི་བརྩེ་བ་མུན་པའི་ཀློང་དུ་འཁྱམ།
སྙིང་ཁར་བསྙེས་པའི་ཁོ་མོས་འཐིབས་པའི་རྒྱབ་གཟུགས་བསྐྱུར།
ཆང་དང་དུ་བར་གཡེང་བའི་མཚན་མོ་དེ་དག་ཡལ་སོང་།
རླབས་དང་ཤོབ་ལ་འཁོར་བའི་ནམ་ཟླ་དེ་དག་འདས་སོང་།
མནའ་དང་དམ་བཅའ་བཞག་པའི་དུས་སྐབས་དེ་དག་རྒས་སོང་།
གཡོ་དང་ཁྲམ་པས་བྱུག་པའི་ངོ་གདོང་དེ་དག་ཆག་སོང་།
མཐའ་དང་འདི་ཕྱི་སྣོག་བའི་girlདེ་ཚོ་གཡུག་ཟིན།
ལས་དང་རྒྱུ་འབྲས་གླེང་བའི་broརྣམས་ཀྱང་སྤོངས་ཡོད།
དུས་དང་ལང་ཚོ་བརླག་པའི་ཉམ་ཐག་ལུས་ཅན་ཤི་སོང་།
འོད་དང་རེ་བས་སྐྱོང་བའི་ཁྲ་ཆུང་མིག་ཟུང་ཕྱེད་ཡོང་།
ང་ལ་དགའ་ནི་སྤུན་ཟླ་ཚང་མ་མཉམ་དུ་འགྲོ
ང་ལ་སྡང་ནི་ཁྲམ་པ་དེ་དང་སོ་སོ་གནོངས།
ང་རང་དུང་པའི་སྤུན་ཡ་ཚང་མ་ཚུར་ལ་ཤོག
ང་རང་སུན་པའི་མྱི་ངན་ཚང་མ་ཕར་ལ་སོང་།
འཇིག་རྟེན་འདི་ནི་སྒྱུ་མའི་གར་གྱི་སྣང་ཚུལ།
བདེན་རྫིན་བཟང་ངན་དབྱེ་བར་དཀའ་བའི་རང་བཞིན།
གྲོང་ཁྱེར་འདི་ཡང་གཏིང་ཞབས་མེད་པའི་འོབས་དོང་།
དགའ་སྐྱོ་ཆགས་སྡང་དཔོག་པར་དཀའ་བའི་རྣམ་པ།

ཕར་ལ་ཇ་ཁོལ་འདྲེན་པས་ན།
ཚུར་ལ་ཆུ་ཡིས་ལན་དུ་འཇལ།
མདུན་ནས་ལྷ་ཡི་བཞིན་རས་ངོམས།
རྒྱབ་ལ་སྲིན་པོའི་མཆེ་བ་གཙིགས།
ཉིན་ལ་མི་ཡི་སྐད་ཆ་བཤད།
མཚན་ལ་འདྲེ་དང་ཁ་བརྡ་བྱེད།
མངོན་དུ་བསྟོད་པའི་གླུ་དབྱངས་འཐེན།
ལྐོག་ཏུ་དམོད་པའི་ཚིག་ངན་སྒྲོག

ང་ལ་དགའ་ནི་སྤུན་ཟླ་ཚང་མ་མཉམ་དུ་འགྲོ
ང་ལ་སྡང་ནི་ཁྲམ་པ་དེ་དང་སོ་སོ་གནོངས།
ང་རང་དུང་པའི་སྤུན་ཡ་ཚང་མ་ཚུར་ལ་ཤོག
ང་རང་སུན་པའི་མྱི་ངན་ཚང་མ་ཕར་ལ་སོང་།
ང་ལ་དགའ་ནི་སྤུན་ཟླ་ཚང་མ་མཉམ་དུ་འགྲོ
ང་ལ་སྡང་ནི་ཁྲམ་པ་དེ་དང་སོ་སོ་གནོངས།
ང་རང་སུན་པའི་མྱི་ངན་ཚང་མ་ཕར་ལ་སོང་།

音乐制作人 : 旦旦
录音混音 : 千朵音乐
母带 : 千朵音乐
监制 : D&M
统筹 : 卢洋/段多多motim/杨颖
发行策划 : 阿斯根/王雅丽
出品 : D&M千朵音乐/东方腔调
【未经著作权人许可 不得翻唱 翻录或使用】
更多>> 黎智坚措的热门歌曲