念
歌手:索扎
专辑:《念》

作词 : 索扎
作曲 : 索扎
编曲 : 郑小宇/旦旦
制作人 : 旦旦
ནམ་མཁའ་དེ་ཡར་ལངས་དུས།
ཉི་རྩེ་དེ་ཡར་རྒྱག་དུས།
ངའི་མལ་ཁྲིའི་གཡས་ས་སྟོང་བ་རེད།
དུ་ཆང་གི་བཟི་ཁ་བཙན་ནས།
དྲན་གདུང་ལ་སྐྱོར་མ་བཞག་སོང་།
ངའི་ཚོར་ཤེས་ད་རུང་མག་མོག་རེད།
ངའི་སེམས་ལ་ཁྱེད་རང་འཐོག་ནས།
མཚན་གོང་ལ་རྨི་ལམ་འཁྲིག་གི
དྲན་པ་འདི་སུ་ལ་བཤད།
སུ་ཡིས་རྟོགས།
Di......
Daradira ohh……
Daradira ohh...…
ངའི་གངས་དཀར་སེམས་ན་ཁྱོད་ནམ་ཡང་ཡོད།
ནམ་མཁའ་ནས་འཇའ་ཚོན་ཤར།
ས་སྟེང་དུ་མེ་ཏོག་བཞད།
ངའི་ཕྲག་པའི་གཡས་ས་སྟོང་བ་རེད།
ལས་དབང་ལ་ལྡོག་ཐབས་མེད་པས།
སྙིང་སྡུག་ལ་བདེ་མོ་བཞག་རུང་།
ཁྱོའི་མཛུམས་ད་རུང་ཡང་བརྗེད་གི་མེད།
ངས་ཁྱེད་རང་དྲན་ཚོད་ཆེ་ནས།
མཚམས་མཚམས་ལ་སྨྱོ་རྟགས་སྟོན་གི
གནས་ལུགས་དེ་སུ་ལ་བཤད།
སུ་ཡིས་རྟོགས།
Di......
Daradira ohh……
Daradira ohh...…
ངའི་གངས་དཀར་སེམས་ན་ཁྱོད་ནམ་ཡང་ཡོད།
Di......
Daradira ohh……
Daradira ohh...…
ངའི་གངས་དཀར་སེམས་ན་ཁྱོད་ནམ་ཡང་ཡོད།
ངའི་གངས་དཀར་སེམས་ན་ཁྱོད་ནམ་ཡང་ཡོད།

录音混音 : 千朵音乐
母带 : 千朵音乐
监制 : D&M
统筹 : 卢洋 段多多motim
发行策划 : 阿斯根
出品 : 千朵音乐 D&M
【未经著作权人许可 不得翻唱 翻录或使用】
更多>> 索扎的热门歌曲