雪域梦
雪域梦
歌手:四郎彭措
专辑:《雪域梦》

ཁ་བ་མར་མར་བབས་པའི་ཡུལ་དེ་ལ།
སེམས་བཟང་གངས་ལྟར་དཀར་བའི་སྐྱེ་བོ་ཚོ།
རྩྭ་ཐང་སྟེང་ནས་ཁྱེད་ལ་བསྟོད་གླུ་ལེན།
ནོར་ཕྱུགས་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ།
ང་ནི་གངས་ཅན་བོད་པའི་གངས་ཕྲུག་ཡིན།
མཛེས་པའི་བོད་ལྗོངས་ང་ཡི་ཕ་ཡུལ་ཡིན།
གངས་རིའི་སྟེང་ནས་ཁྱེད་ལ་བསྟོད་གླུ་ལེན།
ཆོས་ལྡན་ཞིང་ཁམས་སྐྱིད་པའི་ས་བླའི་ལྗོངས།
སེམས་གཏིང་གི་ཕ་ཡུལ་བོད་ལྗོངས།
ཁྱེད་ལས་མཛེས་པའི་ཡུལ་མཐོང་མ་མྱོང་།
ཁྱེད་ཀྱི་སྙན་གྲགས་འཛམ་གླིང་ཡོངས་སུ།
ནམ་མཁའི་ཉི་འོད་ལྟར་ནམ་ཡང་ང་ཚོར་དྲོ།

ཆུ་མོ་ཤང་ཤང་རྒྱུག་པའི་ཡུལ་དེ་ནི།
རི་ཀླུང་གཙང་བའི་ངོ་མཚར་བོད་ལྗོངས་ཡིན།
ཨ་སྔོན་ནམ་མཁའི་དབྱིངས་སུ་བསྟོད་གླུ་ལེན།
འཛམ་གླིང་ཞི་བདེ་ཡོང་བའི་སྨོན་འདུན་ཞུ།
དཀར་གཙང་གི་མཇལ་དར་བཏེགས་ནས།
ཁྱེད་ཀྱི་ཕྱོགས་སུ་གླུ་དེ་ལེན།
ཁྱེད་ཀྱི་སྙན་གྲགས་འཛམ་གླིང་ཡོངས་སུ།
ནམ་མཁའི་ཉི་འོད་ལྟར་ནམ་ཡང་ང་ཚོར་དྲོ།
ཁྱེད་ཀྱི་སྙན་གྲགས་འཛམ་གླིང་ཡོངས་སུ།
ནམ་མཁའི་ཉི་འོད་ལྟར་ནམ་ཡང་ང་ཚོར་དྲོ།
更多>> 四郎彭措的热门歌曲