歌手:
瓜尔康珠
专辑:
《宝贝》 作词 : 次成嘉措
作曲 : 那那
གཞས་ཚིག ཚུལ་ཁྲིམས་རྒྱ་མཚོ།
གཞས་གདངས། ན་ན།
གཞས་མ། མགར་མཁའ་འགྲོ།
གཅེས་ཕྲུག
དབྱངས་གསལ་སོ་བཞིའི་སྦྱོར་བ་ཞེ་ལ་འཁོར།།
悠扬的字符音律在心间
ཕ་སྐད་དག་མའི་རང་མདངས་ངག་ལ་འཕྲོད།།
纯洁的母语旋律在歌喉
དྭངས་གཙང་དྲི་མེད་ཨ་མའི་གཅེས་ཕྲུག་ཁྱོད།།
你是我善良的宝贝
མ་འོངས་ཁ་བ་རི་བའི་རྒྱུད་འཛིན་ཡིན།།
雪域高原的守护人
ཨོ་ཧོ་ཧོ་ཧོ་་་་གཅེས་ཕྲུག་གཅེས་ཕྲུག་ཡ།
奥 哦哦哦 宝贝
ཨ་མའི་འབོད་པའི་དབྱངས་རྟ་རེ་རེ།།
阿妈呼唤的声音
དུས་དང་ལོ་ཟླའི་གཞུང་གི་ཁྱོད་ཡིན།།
岁月流逝里的你
~~~
སྲིད་པ་ཆགས་པའི་གནའ་གླུ་ལེན་དགོས་ལ།།
唱起古老的牧歌时
སྲོལ་རྒྱུན་རྣལ་མའི་རང་ཚུགས་འཛིན་ཡང་དགོས།།
祖先的智慧勿忘之
སྤང་དཀར་ཐང་ལ་འཁྲུངས་པའི་མེ་ཏོག་ཁྱོད།།
你是草原上盛开的一朵
མ་འོངས་རིག་གཞུང་སྟོང་གི་བདག་པོ་ཡིན།།
千年历史悠久之主
ཨོ་ཧོ་ཧོ་ཧོ གཅེས་ཕྲུག་གཅེས་ཕྲུག་ཡ།
奥 哦哦哦 宝贝
ཨ་མའི་གདོང་གི་འཛུམ་ཆུང་རེ་རེ།།
阿妈脸上的笑容
ལས་དང་ལང་ཚོའི་བར་གྱི་ཁྱོད་ཡིན།།
你是命运与青春之本
~~~
བསམ་པ་དཀར་དཀར་མི་དང་མཐུན་དགོས་ལ།།
善良与人交融在一起
མི་གཤིས་ཡག་ཡག་ཀུན་ལ་བྱམས་ཀྱང་དགོས།།
魅力与才华付慈悲之
བརྩེ་འཛུམ་ཁྲོད་ནས་ཚིག་འཇམ་སྨྲ་བའི་ཁྱོད།།
带着微笑与礼仪的你
མ་འོངས་གངས་དཀར་ཨ་མའི་རེ་བ་ཡིན།།
母亲心里的希望
ཨོ་ཧོ་ཧོ་ཧོ་་་གཅེས་ཕྲུག་གཅེས་ཕྲུག་ཡ།
奥 哦哦哦 宝贝
ཨ་མའི་སེམས་ཀྱི་རེ་བཞག་རེ་རེ།།
阿妈心中的希望
འབྱུང་འགྱུར་འཚོ་བའི་ཁྲོད་ཀྱི་ཁྱོད་ཡིན།
未来幸福中的你
ཨོ་ཧོ་ཧོ་ཧོ་་་གཅེས་ཕྲུག་གཅེས་ཕྲུག་ཡ།
奥 哦哦哦 宝贝
ཨ་མའི་སེམས་ཀྱི་རེ་བཞག་རེ་རེ།།
阿妈心中的希望
འབྱུང་འགྱུར་འཚོ་བའི་ཁྲོད་ཀྱི་ཁྱོད་ཡིན།།
未来幸福的你
འབྱུང་འགྱུར་འཚོ་བའི་ཁྲོད་ཀྱི་ཁྱོད་ཡིན།།
未来幸福的你