歌手:
德吉老爷
专辑:
《德吉老爷歌曲集》 作词 : 阿诺仓
作曲 : 三智才让
༼འབྲོག་ཕྲུག༽
ཚིག ཨ་ནོར་ཚང་།
དབྱངས བསམ་འགྲུབ་ཚེ་རིང།
གཞས་པ བདེ་སྐྱིད་ཚེ་རིང།
ང་ནི་འབྲོག་ཕྲུག་ཞིག་སྟེ།
རྩྭ་ཐང་གི་འབྲོག་ཕྲུག་ཞིག་ཡིན།
ང་ནི་འབྲོག་ཕྲུག་ཞིག་སྟེ།
མཐོ་སྒང་གི་འབྲོག་ཕྲུགཞིག་ཡིན།
སྤྲིན་པ་ལེབ་མོ་ཆིབས་སུ་རེ་ཞིང།
རི་དང་གཙང་བོའི་རྒྱ་མཚོ་བརྒལ་དུས།
རྐང་ལ་ཡོད་པའི་གཤིས་རྒྱུད་དཀར་པོ།
འཇིག་རྟེན་མི་ཡི་ལུང་པར་ཕུལ་ཡོད།
སོ་ཡ་རེ་ལོ།
ང་གངས་འདབས་ནས་སྐྱེས་ཤིང།
ང་གངས་འདབས་ནས་ཆས་འགྲོ།
སླར་གངས་འདབས་ལ་ལོག་ཡོང།
༢
ང་ནི་འབྲོག་ཕྲུག་ཞིག་སྟེ།
དུས་རབས་ཀྱི་འབྲོག་ཕྲུག་ཞིག་ཡིན།
ང་ནི་འབྲོག་ཕྲུག་ཞིག་སྟེ།
འཇོན་ཐང་གི་འབྲོག་ཕྲུག་ཞིག་ཡིན།
སྔོ་ལྗང་རྩྭ་ཐང་གདན་དུ་བཏང་ཞིང་།
རྟ་ཕོ་འཚེར་སྐད་དབྱངས་སུ་རེ་དུས།
ངག་ལ་ཡོད་པའི་འབྲོག་གཞས་སྙན་མོ།
གངས་ཅན་མི་ཡི་སྐྱེས་སུ་ཕུལ་ཡོད།
༣
ང་ནི་འབྲོག་ཕྲུག་ཞིག་སྟེ།
འབྱུང་འགྱུར་གྱི་འབྲོག་ཕྲུག་ཞིག་ཡིན།
ང་ནི་འབྲོག་ཕྲུག་ཞིག་སྟེ།
ཕ་ཡུལ་གྱི་འབྲོག་ཕྲུག་ཞིག་ཡིན།
རྩ་བའི་བླ་མའི་བཀའ་ཆོས་ཉན་ཞིང་།
དྲིན་ཆེན་ཕ་མའི་ཞལ་གསུང་དྲན་དུས།
དགུང་གི་འཇའ་ཚོན་ཐགས་སུ་བྲེས་ནས།
གཞིས་བྱེས་བོད་མའི་སྐྱེས་སུ་བཏེགས་ཡོད།