别提了
别提了
歌手:仁多尔
专辑:《别提了》

作词 : 哦赛尼玛
作曲 : 仁多尔
(གངས་དེ་མི་གླེང་རོགས)~here we go↓
ཨ་རོགས་གྲོགས་པོ།²ད་ནི་ཁྱོད་ཀྱིས་རྫིག་རྫིག་བྱས་ནས།
གངས་རི་དཀར་པོ།²ཞེས་མི་གླེང་རོགས།
གནའ་དེང་མའི་གངས་དེ་ཞི་ནས་ཚར།
གངས་དཀར་པོའི་གཟི་མདངས་དེ་ཁྱོད་ཀྱིས་མཐོང་ཨེ་མྱོང་།
(མཐོང་མྱོང་། མཐོང་མ་མྱོང་།)
ལབ་མ་རྒྱག རྫུན་མ་བཤད། མནའ་མ་སྐྱེལ།
མེས་པོས་བཤད་ན། བོད་ཡུལ་གངས་ཀྱིས་བསྐོར་ཡོད་ཟེར།
གངས་ལ་གཟི་མདངས་རྒྱས་ཡོད་ཟེར།
ཧོ་ཧོ་ཡ། མི་བཤད། མི་གླེང་། བཤད་ན་ཡ་ཆུང་གཟེར་གི
གླེང་ན་མིག་ཆུ་བཞུར་གི
ཨ་རོགས་གླུ་བ། ཨ་རོགས་གླུ་མ།
ད་ནི་ཁྱོད་ཀྱིས་མཛེས་མཛེས་བྱས་ནས། མཛེས་པའི་རྩྭ་ཐང་།
མཛེས་པའི་རྩྭ་ཐང་ཞེས་མི་གླེང་རོགས།
གནའ་དེང་མའི་རྩྭ་ཐང་དེ་བསློགས་ནས་ཚར།
མཛེས་པའི་རྩྭ་ཐང་ཟེར་བ་དེ་ཁྱོད་ཀྱིས་མཐོང་ཨེ་མྱོང་།
(མཐོང་མྱོང་། མཐོང་མ་མྱོང་།)
ལབ་མ་རྒྱག རྫུན་མ་བཤད། མནའ་མ་སྐྱེལ། ཨ་མས་བཤད་ན།
རྩྭ་ཐང་ལ་མུ་མཐའ་མེད་ཟེར། མེ་ཏོག་ལ་འཛད་མཐའ་མེད་ཟེར།³
ཧོ་ཧོ་ཡ།
མི་བཤད། མི་གླེང་། བཤད་ན་ཡ་ཆུང་གཟེར་གི
གླེང་ན་མིག་ཆུ་བཞུར་གི
ཨ་རོགས་སྟག་ཤར། ཨ་རོགས་སྨན་ཆུང་།
ད་ནི་ཁྱོད་ཀྱིས་དུང་དུང་བྱས་ནས། སླད་མེད་བརྩེ་དུང་།
སླད་མེད་བརྩེ་དུང་ཞེས་མི་བཤད་རོགས།
སླད་མེད་པའི་བརྩེ་དུང་དེ་རྒྱུ་ཡིས་འཕྲོག
རྒྱུ་མི་མཁོ་བའི་བརྩེ་དུང་ཞིག་ཁྱོད་ཀྱིས་མཐོང་ཨེ་མྱོང་།
(མཐོང་མྱོང་། མཐོང་མ་མྱོང་།)²
ལབ་མ་རྒྱག རྫུན་མ་བཤད། མནའ་མ་སྐྱེལ། ཕུ་བོས་བཤད་ན།
"ཟ་རྒྱུ་འདམ་ལས་མེད་ཀྱང་། མཉམ་ཟ་མཉམ་འཐུང་བྱས་ཆོག"ཟེར།
ཧོ་ཧོ་ཡ། མི་བཤད། མི་གླེང་།
བཤད་ན་ཡ་ཆུང་གཟེར་གི གླེང་ན་མིག་ཆུ་བཞུར་གི

(གངས་རི་དེ་མི་གླེང་རོགས།
རྩྭ་ཐང་དེ་མི་གླེང་རོགས།
དུང་བ་དེ་མི་གླེང་རོགས།
ཆང་འཐུང་། ཆང་དེ་སྟོབས་ཀྱིས་འཐུང་།²
ཆང་གིས་བཟི་རྗེས།⁴
ཁ་རོག་གེར་ཉོལ།²)

更多>> 仁多尔的热门歌曲