刚噶央宗 仁多尔
岗嘎央宗
歌手:仁多尔
专辑:《岗嘎央宗》

作词 : 拖让
作曲 : 仁多尔
གངས་དཀར་གཡང་འཛོམས།岗央宗
གླུ་ཚིག ཐོ་རེངས། 词:托让
ལེན་མཁན། རིག་རྡོར། /རིན་མཚོ་རྒྱལ།
演唱:仁多尔 / 仁措加
སྒྲ་ལེན་པ། FAC 录音:FAC
འོད་གསལ་ལྷ་ལས་བབས་པའི从天而降的
རིགས་རྒྱུད་གངས་ལ་ཐུག་པའི种族高贵的
སྙན་འཇེབས་སྒྲ་ལས་འཁྲུངས་པའི性情温和的
འདོད་པའི་ཁམས་ནས་སྐྱེས་པའི美如天仙的
ལྷ་ཡི་ལྷ་མོ་ཡིན你是天上的拉姆
མི་ཡི་ལྷ་མོ་ཡིན你是人间的拉姆
དབྱངས་ཀྱི་ལྷ་མོ་ཡིན你是音悦的拉姆
འདོད་པའི་ལྷ་མོ་ཡིན你是情欲的拉姆
ཁྱེད་ཀྱིས་ང་ལ་ཐེངས་གཅིག་བལྟས་པས只因你多看我一眼
ང་ཡི་རྨི་ལམ་དཀྲུགས་ཤིང使我醉生梦死
སེམས་ཁ་རྨས伤痛欲绝
ཁྱེད་ཀྱིས་ང་ལ་ལན་གཅིག་མཉན་པས只因你多听我一次
ང་ཡི་མགྲིན་པ་འགགས་ཤིང使我哑口无言
མིག་དབང་ཉམས双目失明
ནམ་ཟླ་དགུན་གྱི་དུས་ཤིག་ལ大约在冬季
ང་ཡི་རྨི་ལམ་འཁྱག་ནས་རེངས་པར་གྱུར我的梦结成冰
དུག་མཚོན་བདུད་ཀྱིས་རྨས་པའི་ལག་ཟུང་གིས我用负伤的双手
རང་གི་ལུས་ལ་ཁྱེད་ཀྱི་ལང་ཚོ་བྲིས 在自己身上写下你的青春
མུན་པ་རབ་ཏུ་རྒོད་པའི་མཚན་ཞིག་ལ在漆黑的夜里
ང་ཡི་རྣམ་ཤེས་ལྡོམ་ནས་བྱེས་སུ་འཁྱམ我的灵魂漂泊他乡
དྲོད་སྣང་ཕྲན་ཙམ་མེད་པའི་ལུས་པོ་ཡིས毫无温度的身体
བཟི་སྣང་རུམ་གང་བསྡམ་ནས་ས་ལ་འབྱར།怀着一丝醉意坐地
སྤྲིན་དཀར་གྱི་བྱ་ཁྱུ白云的鸟群
གཤོག་པ་ལྡེམ་སེ་ལྡེམ་སེ煽动着翅膀
དབུ་འཕང་མཐོ་རེ་དམའ་རེ时而高时而低
ཁྱེད་ཕྱོགས་སུ་འཕུར་ནས་འགྲོ飞向你
ཆུ་རྒྱུན་གྱི་གར་མ河水的舞女
སྟངས་སྟབས་འཁྱུག་སེ་འཁྱུག་སེ跳动着舞蹈
ཉམས་འགྱུར་དམ་རེ་ལྷོད་རེ时而快时而慢
ཁྱེད་ཕྱོགས་སུ་བཞུར་ནས་འགྲོ།流向你
ང་ཡི་ལང་ཚོ་གཞན་གྱིས་རུམ་ན་ཡོད我的青春在于他人之心
ང་ཡི་རྨི་ལམ་གཞན་གྱི་གམ་ན་ཡོད我的梦想在于他人之手
དུས་ཚོད་ཀྱིས་སྒྲོག་གིས་བཅིངས་ཏེ我被时间禁锢
ལས་སྐལ་གྱིས་མཐའ་ལ་དེད་དེ被命运捉弄
ཁུ་སིམ་གྱིས་སྣོད་ལ་བཅུག་ཏེ被寂静控制
ཕམ་ཉེས་ཀྱིས་གས་ཆག་ཏུ་བཏང་སྟེ被惨败负伤
བཞུར་མ་ཐུབ因此,未能流淌
འཕུར་མ་ཐུབ未能飞翔
འབར་མ་ཐུབ未能燃烧
འབར་མ་ཐུབ未能燃烧
འཕྱོ་མ་ཐུབ未能波涛
ཁྱེད་རང་བསམ་ནས我为了你
ང་ཡིས་ཉལ་ཐའི་མེ་ཏོག་བཏབ་མྱོང་ཡོད曾播种恶之花
ཆང་གི་བཟི་ཁ་བཟོད་གསོལ་ཞུ་མྱོང་ཡོད 曾原谅酒之醉
སྡེ་ཆེན་མྱི་ཁ་ལེགས་སོ་ཟེར་མྱོང་ཡོད曾承认言语之害
རང་གི་ཁེར་རྐྱང་ལ་དམའ་འབེབས་བྱས་མྱོང་ཡོད曾贬低孤独之感
རྒྱང་རིང་གི་ལྷ་མོ远方的拉姆
གཉན་ཆེན་ཁ་བ་དཀར་བོས་ཁྱེད་ལ་སྡོང་གྲོགས་མཛོད་ཅིག愿梅里雪山保佑你
ཁྱེད་རང་ང་སར་བཅར་ནའང你纵使接近我
ལས་ཀྱི་གསེར་ཟམ་ཆད་ཡོད却有缘无份
བརྩེ་བའི་མདུད་པ་འཐོར་ཡོད感情破裂
དེའི་དོན་རི་མོ་བྲག་ལ་མི་འབབ消纵即逝
ཁྱེད་རང་ང་སར་བཅར་ནའང你纵使接近我
ལས་ཀྱི་གསེར་ཟམ་ཆད་ཡོད却有缘无份
བརྩེ་བའི་མདུད་པ་འཐོར་ཡོད感情破裂
དེའི་དོན་རི་མོ་བྲག་ལ་མི་འབབ消纵即逝
དེ་ན་ཁྱོད་ཀྱི་རྨི་ལམ་འོད་ཟེར་ལ་བསྲེས་ཡོད་སྐད据说那里有你的梦想
ནགས་ཕག་མཚོ་ཡིས་ཁྱེད་ཀྱི་སྐྱོ་སྣང་འཁྲུ་གསོལ་མཛོད་ཅིག愿纳帕湖洗清你的悲伤
དེ་ན་ཁྱེད་ཀྱི་མི་ཚེའི་གཅིག་གི་གཏམ་རྒྱུད་ལྷ་སྒྲུང་ལ་འཐིམ་ཡོད་སྐད据说那里有你一生的故事
ཁྱེད་རང་སྐྱིད་ནས་བསྡད་ཡོད་བསམ་ན你若能幸福生活
ང་ཡི་ཁ་ལྕེ་སྐམ་ཐན་གྱིས་བཟུང་ཡང་འགྲིག་བཞག་རེད我愿黯然销魂
ཁྱེད་རང་བདེ་ནས་འཚོ་ཡོད་དྲན་ན你若能健康成长
ང་ཡི་མི་ཚེའི་མར་མེ་་ཀྱིས་ཟད་ཡང་འགྲིག་བཞག་རེད我愿死而无憾
ང་ནི་ནག་ཉེས་རིགས་ཤིག་གི་ཚབ་ཏུ我代表一种罪恶
འཇིག་རྟེན་འདི་རུ་སྨྲ་བ་མེད་པར་ལུས孤身一人在这凄凉的世上
ང་ནི་ཉམ་ཆུང་ཁྱུ་གཅིག་གི་ཚབ་ཏུ我代表一群弱小的群体
མི་ཚེ་འདི་རུ་རང་སེམས་ཆག་ཧྲུལ་དུ་བཏང་ནས་རྒས在这人间自我摧残地老去
ང་ནི་བརྩེ་སེམས་དྭངས་མ་ཞིག་གི་སླད་དུ我为了纯洁的感情
སྐྱེ་བ་འདི་རུ་བྲག་ཁོག་ཆང་གིས་བརླན་ནས་འོང这辈子酗酒成性地走来
གངས་དཀར་གཡང་འཛོམས岗嘎央宗
གངས་དཀར་གཡང་འཇོམས岗嘎央宗
མིང་འདིས་ང་རང་དགའ་རུ་བཅུག་མྱོང这名字使我快乐过
མིང་འདིས་ང་རང་སྨྱོ་རུ་བཅུག་མྱོང这名字使我发疯过
ང་རང་ངུ་རུ་བཅུག་མྱོང这名字使我哭泣过
ང་རང་བཙོན་ལ་བཅུག་མྱོང这名字让我入狱过
ལྷ་ཡི་ལྷ་མོ་ཡིན天上的拉姆
མི་ཡི་ལྷ་མོ་ཡིན人间的拉姆
དབྱངས་ཀྱི་ལྷ་མོ་ཡིན音悦的拉姆
འདོད་པའི་ལྷ་མོ་ཡིན情欲的拉姆
ལྷ་ཡི་ལྷ་མོ་ཡིན天上的拉姆
མི་ཡི་ལྷ་མོ་ཡིན人间的拉姆
དབྱངས་ཀྱི་ལྷ་མོ་ཡིན音悦的拉姆
འདོད་པའི་ལྷ་མོ་ཡིན情欲的拉姆
མིང་འདིས་ང་རང་དགའ་རུ་བཅུག་མྱོང这名字使我快乐过
མིང་འདིས་ང་རང་སྨྱོ་རུ་བཅུག་མྱོང这名字使我发疯过
མིང་འདིས་ང་རང་ངུ་རུ་བཅུག་མྱོང这名字使我哭泣过
མིང་འདིས་ང་རང་བཙོན་ལ་བཅུག་མྱོང这名字让我入狱过
མིང་འདིས་ང་རང་དགའ་རུ་བཅུག་མྱོང这名字使我快乐过
མིང་འདིས་ང་རང་སྨྱོ་རུ་བཅུག་མྱོང这名字使我发疯过
མིང་འདིས་ང་རང་ངུ་རུ་བཅུག་མྱོང这名字使我哭泣过
མིང་འདིས་ང་རང་བཙོན་ལ་བཅུག་མྱོང这名字让我入狱过
更多>> 仁多尔的热门歌曲