歌手:
丹真罗布
专辑:
《加油》 作词 : 丹真罗布
作曲 : 丹真罗布
加油འུར་ཡཱ།
ཚིག -རྟ་མགྲིན་ནོར་བུ།
གདངས་ -རྟ་མགྲིན་ནོར་བུ།
ང་ཚོ་ནི་མཐོ་སྒང་སྟེང་གི་བྲེ་སེར་འབྲོང་རྒོད་ཡིན།
ང་ཚོ་ནི་ཁ་བའི་ལྗོངས་ཀྱི་ཐང་དཀར་རྒོད་པོ་ཡིན།
ང་ཚོ་ནི་རྩྭ་ཐང་སྟེང་གི་ཅང་ཤེས་རྟ་ཕོ་ཡིན།
ང་ཚོ་ནི་གངས་རིའི་ཁྲོད་ཀྱི་འབྲི་གཡག་དར་མ་ཡིན།
འུར་ཡཱ་འུར་ཡཱ་འུར། ཕུགས་བསམ་ཆེད།
འབད་བརྩོན་བྱེད། ལེ་ལོ་སྤངས།
འུར་ཡཱ་འུར་ཡཱ་འུར། ཕུགས་བསམ་ཆེད།
གོམས་སྟབས་ཆེན་པོས་མདུན་བསྐྱོད་བྱེད།
ང་ཚོ་མཉམ་དུ་འུར་ཡཱ།
ང་ཚོ་ནི་མཐོ་སྒང་སྟེང་གི་སྙིང་རྗེའི་རྒྱུད་པ་ཡིན།
ང་ཚོ་ནི་ཁ་བའི་ལྗོངས་ཀྱི་སྟོབས་ཤུགས་སྦྱིན་མཁན་ཡིན།
ང་ཚོ་ནི་རྩྭ་ཐང་སྟེང་གི་དཀའ་བ་སྤྱད་མཁན་ཡིན།
ང་ཚོ་ནི་གངས་རིའི་ཁྲོད་ཀྱི་འབད་བརྩོན་བྱེད་མཁན་ཡིན།