梦寻达娃卓玛
纳木错
歌手:旺堆彭措
专辑:《纳木错》

作词 : 索朗旺庆
作曲 : 贡嘎伦珠
༺ རྨི་ལམ་ནང་དུ་ཟླ་བ་སྒྲོལ་མ་འཚོལ། ༻
གཞས་ཚིག འཕྱོངས་རྒྱས་བསོད་དབང་།
གཞས་གདངས། ཀུན་དགའ་ལྷུན་གྲུབ།
གཞས་གཏོང་མཁན། དབང་འདུས་ཕུན་ཚོགས།
གངས་རིའི་འདབས་ཀྱི་ཆུ་མིག
རྒྱང་རིང་བུ་མོའི་གླུ་སྒྲ་དེ་སྙན་བྱུང་།
ང་ཡི་སེམས་ནང་དུ་དྲན་ཞིང་འཁོར་བ།
ཁྱེད་ཀྱི་ཁྲ་ཞིང་སྒོར་བའི་སྤྱན་མིག་གཉིས།
ཤམ་ཆུའི་འགྲམ་དྲན་བཞིན་དུ།
དབང་མེད་དུ་སེམས་པ་ཤོར་སོང་།
ཁྱེད་རང་འཁྲུངས་པ་སྔ་སོང་།
ང་རང་སྐྱེས་པ་ཕྱི་སོང་ཕྱི་སོང་།
ལས་དང་ལས་འཕྲོ་མེད་པ་ང་གཉིས།
དུས་ནམ་ཞིག་ལ་མཇལ་འཛོམས་ལོས་ཡོང་།
རྨི་ལམ་ནང་ཁྱེད་མཇལ་བའི།
སྨོན་ལམ་བུ་ངས་བཏབ།
འོ། ཟླ་བ་སྒྲོལ་མ།
ངའི་ཚེ་སྔོན་མའི་ལས་འཕྲོ།
ཁྱེད་རང་དྲན་པས་ཡིད་ལ་གདུང་བས་མནར།
དུས་ཚོད་སྐད་ཅིག་ཙམ་ཡང་བྲལ་མི་འདོད།
ཁྱེད་ཀྱིས་ང་ལ་གསུངས་དང་།
ཁྱེད་རང་འཕྱོངས་རྒྱས་ལ་ག་དུས་ལོག་ཕེབས་སམ།
གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།
གངས་རིའི་འདབས་ཀྱི་ཆུ་མིག
རྒྱང་རིང་བུ་མོའི་གླུ་སྒྲ་དེ་སྙན་བྱུང་།
ང་ཡི་སེམས་ནང་དུ་དྲན་ཞིང་འཁོར་བ།
ཁྱེད་ཀྱི་ཁྲ་ཞིང་སྒོར་བའི་སྤྱན་མིག་གཉིས།
ཤམ་ཆུའི་འགྲམ་དྲན་བཞིན་དུ།
དབང་མེད་དུ་སེམས་པ་ཤོར་སོང་།
ཁྱེད་རང་འཁྲུངས་པ་སྔ་སོང་།
ང་རང་སྐྱེས་པ་ཕྱི་སོང་ཕྱི་སོང་།
ལས་དང་ལས་འཕྲོ་མེད་པ་ང་གཉིས།
དུས་ནམ་ཞིག་ལ་མཇལ་འཛོམས་ལོས་ཡོང་།
རྨི་ལམ་ནང་ཁྱེད་མཇལ་བའི།
སྨོན་ལམ་བུ་ངས་བཏབ།
འོ། ཟླ་བ་སྒྲོལ་མ།
ངའི་ཚེ་སྔོན་མའི་ལས་འཕྲོ།
ཁྱེད་རང་དྲན་པས་ཡིད་ལ་གདུང་བས་མནར།
དུས་ཚོད་སྐད་ཅིག་ཙམ་ཡང་བྲལ་མི་འདོད།
ཁྱེད་ཀྱིས་ང་ལ་གསུངས་དང་།
ཁྱེད་རང་འཕྱོངས་རྒྱས་ལ་ག་དུས་ལོག་ཕེབས་སམ།
ཁྱེད་ཀྱིས་ང་ལ་གསུངས་དང་།
ཁྱེད་རང་འཕྱོངས་རྒྱས་ལ་ག་དུས་ལོག་ཕེབས་སམ།
更多>> 旺堆彭措的热门歌曲