喜讯
纳木错
歌手:旺堆彭措
专辑:《纳木错》

作词 : 达瓦次仁
作曲 : 达瓦次仁
༼ གཏམ་བཟང། ༽
གངས་དཀར་པོ་བཞད་པའི་གངས་ལྷ་མེ་ཏོག་
ངས་ཁྱེད་ལ་ཕུལ་བའི་ལྷག་བསམ་ཡིན།
དུས་ཉིན་མཚན་རྒྱུགས་པའི་ཡར་ཀླུང་གཙང་པོ།
མགོན་བཤེས་གཉེན་ཕ་མའི་ངང་རྒྱུད་ཡིན།
སེམས་དགའ་བའི་གླུ་ཆུང་སྙན་མོ་འདི།
དྲིན་ཕ་མའི་ཕྱོགས་ལ་ཡང་ཡང་ལེན།
ངའི་བོད་ལྗོངས་སློབ་ཆེན་སློབ་ཕྲུག་ཚོ།
ཕུགས་བསམ་དང་བསླབ་བྱ་སྙིང་ལ་བཅངས་
བཀྲ་ཤིས་པའི་གཏམ་བཟང་བསྣམས་ནས་ནི།
དྲིན་ཕ་མའི་ཕྱོགས་ལ་ལོག་ནས་འགྲོ།
-----------------------------------------------
བྱ་ཁྲུང་ཁྲུང་དཀར་པོ་ལྷོ་ལ་འཕུར་སོང།
ངའི་ཕ་མའི་ཕྱོགས་ལ་ལན་ཞིག་གནང་རོགས་
ཆུ་སྐྱེས་ཆུའི་ནང་ཉ་ཆུང་གསེར་མིག་
ངའི་ཕ་ཡུལ་ཕྱོགས་ཀྱི་གནས་ཚུལ་གསུངས་དང།
སེམས་དགའ་བའི་གླུ་ཆུང་སྙན་མོ་དེ།
མགོན་བཤེས་གཉེན་ཕ་མར་ཡང་ཡང་ལེན།
སེམས་དགའ་བའི་གླུ་ཆུང་སྙན་མོ་དེ།
མགོན་བཤེས་གཉེན་ཕ་མར་ཡང་ཡང་ལེན།
ངའི་བོད་ལྗོངས་སློབ་ཆེན་སློབ་ཕྲུག་ཚོ།
ཕུགས་བསམ་དང་བསླབ་བྱ་སྙིང་ལ་བཅངས་
བཀྲ་ཤིས་པའི་གཏམ་བཟང་བསྣམས་ནས་ནི།
དྲིན་ཕ་མའི་ཕྱོགས་ལ་ལོག་ནས་འགྲོ།

更多>> 旺堆彭措的热门歌曲