歌手:
多才
专辑:
《故乡安多 》作词:民间
作曲:曲儿江
编曲:日浪太、曼陀铃尕旦
༡་ཕ་ས་གཡང་སྡེ་ཕྱུག་མོའི་ནང་ལོང་གི
ཕ་ཡུལ་ཨ་མདོ་ས་ཆའི་ཨ་ཇོ་ང་།
ཕ་རྒྱུད་དེད་ན་བྱང་ཆུབ་སེམས་དཔའ་ཡིན།
ཕ་སྐད་གཙུག་ཏུ་འཛིན་པའི་འཕྲེང་འཛིན་ཡིན
༢་མ་རིག་མུན་པ་སེལ་བའི་འོད་ཁང་གི
མ་རྩོམ་སེམས་ལ་གཉོར་བའི་ཨ་ཇོ་ང་།
མ་རྒྱུད་དེད་ན་བྲག་དཀར་སྲིན་མོ་ཡིན།
མ་ཕན་བརྩོན་ལ་སྙེགས་པའི་གྲོག་མ་ཡིན།
༣་གངས་སེང་དཀར་མོའི་ངར་སྐད་སྙན་པོ་སྟེ།
གངས་ཅན་ཁ་བའི་ལྗོངས་འདིར་སྤྲོ་ཡོང་ན
གངས་དཀར་ཏི་སེ་ལས་ཀྱང་བརྟན་པར་ཤོག
གངས་རིའི་གཟི་བྱིན་ལས་ཀྱང་རྒྱས་བར་ཤོག