忆梦-拉格卓玛
忆梦
歌手:王长青
专辑:《忆梦》

作词 : འབྲུག་ལྷ་རྒྱལ།
作曲 : ཤོད་དར་རྒྱས།
རྨི་ལམ།
ཚིག འབྲུག་ལྷ་རྒྱལ།
དབྱངས།སོག་ ཤོད་དར་རྒྱས།
གཞས་མ།ལྷ་ དཀར་སྒྲོལ་མ།

ཆུང་ཆུང་བྱིས་པའི་དུས་ནས།
རྨི་ལམ་ལན་མང་རྨིས་ཡོད།
རྨི་ལམ་རེ་རེའི་ནང་ལ།
ལས་ཀྱི་སྐྱིད་སྡུག་བཅོལ་ཡོད།
མི་ཚེའི་ཐང་ཆེན་ཡང་པོར།
མགོ་འཁོར་བྱུང་བ་མིན་ཡང་།
རྐང་རྗེས་གྲངས་མེད་ཕབས་པ།
ལམ་ཞིག་བཟོ་འདོད་ཡིན་འགྲོ།
ཁ་ཆར་བུ་ཡུག་འཚུབ་ཀྱང་།
ལ་དང་འགག་ཕྲེང་རྩུབ་ཀྱང་།
རྨི་ལམ་ཆད་པ་མེད་ན།
ཕམ་དགོས་རྩ་བ་མི་འདུག
ཨོ།~མཚན་མོ་རིང་ཡང་མི་སྐྱོན།
མུན་པ་སྟུག་ཀྱང་དྲག་གི
རྨི་ལམ་མེད་ན་སྐྲག་གི

ཆུང་ཆུང་བྱིས་པའི་དུས་ནས།
རྨི་ལམ་ལན་མང་རྨིས་ཡོད།
རྨི་ལམ་རེ་རེའི་ནང་ལ།
ལས་ཀྱི་སྐྱིད་སྡུག་བཅོལ་ཡོད།
འཁོར་བའི་མྱ་ངམ་ཐང་ལ།
མིག་ལྟོས་ཡང་ཡང་བྱས་པ།
ཅི་ཞིག་བོར་བ་མིན་ཡང་།
གནས་ཤིག་འཚོལ་འདོད་ཡིན་འགྲོ།
འཕྱོར་བའི་རྒྱན་གོས་མེད་ཀྱང་།
ཞིམ་པོའི་བཟའ་བཏུང་མེད་ཀྱང་།
རྨི་ལམ་འགག་པ་མེད་ན།
སྐྱོ་དགོས་རྩ་བ་མི་འདུག
ཨོ།~མཚན་མོ་རིང་ཡང་མི་སྐྱོན།
མུན་པ་སྟུག་ཀྱང་དྲག་གི
རྨི་ལམ་མེད་ན་སྐྲག་གི
ཨོ།~མཚན་མོ་རིང་ཡང་མི་སྐྱོན།
མུན་པ་སྟུག་ཀྱང་དྲག་གི
རྨི་ལམ་མེད་ན་སྐྲག་གི

更多>> 王长青的热门歌曲