牧女
牧女
歌手:王长青
专辑:《牧女》

作词 : གངས་དཔལ།
作曲 : རྡོ་བསྟན་པ་དར་རྒྱས།
འབྲོག་རུའི་བུ་མོ།
ཚིག གངས་དཔལ།
གདངས། རྡོ་བསྟན་པ་དར་རྒྱས།
ལེན་མཁན། ལྷ་མོ་སྒྲོལ་མ།

ང་འབྲོག་རུའི་བུ་མོ་འབྲོག་ན་ཡོད།།
རྫ་རྨ་འབྲི་ཆུ་བོའི་ཁ་ན་ཡོད།།
འབྲི་ཐུལ་མ་བརྒྱ་ཡི་བདག་མོ་ཡིན།།
ཞོ་འོ་མ་གཉིས་ཀྱི་མངར་ཁ་ཡིན།།(×3)

ང་འབྲོག་རུའི་བུ་མོ་འབྲོག་ན་ཡོད།
ནང་ཀུན་སློང་གཙང་སའི་འབྲོག་ན་ཡོད།།
སྦྲ་སྨུག་པོའི་ནང་གི་གཡང་འཛིན་ཡིན།།
འབྲོག་རུ་སྡེ་ཁྲ་མོའི་མངའ་ཐང་ཡིན།།(×3)

ང་འབྲོག་རུའི་བུ་མོ་འབྲོག་ན་ཡོད།།
སྨུག་དུམ་བུའི་གསེབ་ཀྱི་རི་ན་ཡོད།།
བྱ་ཁུ་ལོའི་གསུང་གི་སྙན་ཆ་ཡིན།།
གླུ་སྙན་མོའི་ནང་གི་རྣམ་ཤེསཡིན།།(×4)

更多>> 王长青的热门歌曲