歌手:
王长青
专辑:
《喆姆泽瓦》 作词 : བློ་གྲོས་རྣམ་རྒྱལ།
作曲 : སྐལ་བཟང་རིན་ཆེན།
འབྲི་མོའི་བརྩེ་བ།
གཞས་ཚིག བློ་གྲོས་རྣམ་རྒྱལ།
དབྱངས སྐལ་བཟང་རིན་ཆེན།
གཞས་མ མཁའ་འགྲོ་སྐྱིད།
~
སླས་ར་བགྲུ་བཞི་ནང་གི།
མ་འབྲི་གཡང་གི་བདག་མོ།
འུ་ཚོའི་ལས་དབང་གཅིག་པའི།
མགོ་བོ་ལྕོག་ལྡེམ་མ་གནང་་་མ་གནང་།
ཨོ་ཨོ་་་ཡེ ཨོ་ཨོ་་་ཡེ
དགོ་དགོ འབྲི་མོ་གཡང་ལ་མ།
~
བརྡང་བརྒྱ་བུའུ་ཆུང་འཁོར་ས།
ཟོ་བརྒྱ་འོ་མའི་ལྡེམ་ས།
ང་དང་འབྲི་མོ་ལས་དབང་།
སྐྱོ་སྐྱོ་གནང་ས་མ་རེད་་་མ་རེད།
ཨོ་ཨོ་་་ཡེ ཨོ་ཨོ་་་ཡེ
དགོ་དགོ འབྲི་མོ་གཡང་ལ་མ།
~
དུས་བཞི་གནམ་ཟླ་འགྱུར་ཡངས།
འགྱུར་མེད་འབྲི་མོ་བརྩེ་བ།
སྤང་ལ་མེ་ཏོག་ཤར་དུས།
བུའུ་བརྒྱ་བརྡང་ལ་འདོགས་྄ཆོག་་་འདོགས་ཆོག
ཨོ་ཨོ་་་ཡེ ཨོ་ཨོ་་་ཡེ
དགོ་དགོ འབྲི་མོ་གཡང་ལ་མ།
འབྲི་མོ་གཡང་ལ་མ།
~