爱不变
爱不变
歌手:王长青
专辑:《爱不变》

作词 : 无
作曲 : 无
ངའི་བསམ་པ་ཁྲ་ཡག་རྫ་རི་ཡིན།
ཚིག ཉི་མ་ཚེ་རིང་།
དབྱངས། བསོད་ནམས་གྲགས་པ།
ལེན་མཁན། རིག་འཛིན

ངའི་བསམ་པ་ཁྲ་ཡག་རྫ་རི་ཡིན།།
རྫ་ཁྲ་ཡག་རང་དགར་ཞིག་དུས་མེད།།
གནའ་རྒྱ་མོ་ཁྱོད་ཀྱི་སེམས་ཡིན་ན།།
རྫ་ཁྲ་ཡག་གཏན་གྱི་ཁྱིམ་གཞིས་ཡིན།།
འོ་་་་་་་ཧོ་་་་་་་་ཧོ་་་་་་་་་་ཡེ།
རྩ་ཟ་ས་ཞིག་དང་གཡེལ་ས་ཞིག།
རྫ་ཁྲ་ཡག་ཁྲོད་ཀྱི་སྤང་ལ་ཡོད།།

ངའི་བསམ་པ་ཁྲ་ཡག་རྫ་རི་ཡིན།།
རྫ་ཁྲ་ཡག་རང་དགར་ཞིག་དུས་མེད།།
ཐོག་བཙན་པོའི་རྒོལ་བ་མ་བྱུང་བར།།
གནའ་རྒྱ་མོའི་ལས་དབང་བཅོལ་ན་ཆོག།
འོ་་་་་་་ཧོ་་་་་་་་ཧོ་་་་་་་་་་ཡེ།
རླུང་ལྷགས་པའི་འཚེ་བ་བྱུང་དུས་སུ།།
ངའི་ལུས་ཕུང་ལྷགས་པའི་ཡོལ་བ་ཡིན།།
འོ་་་་་་་ཧོ་་་་་་་་ཧོ་་་་་་་་་་ཡེ།
དཔྱིད་སྦྲང་ཆར་སྤང་ལ་འབབ་དུས་སུ།།
ངའི་མཛེས་སྡུག་སེམས་ཀྱི་མེ་ཏོག་ཡིན།།
དཔྱིད་སྦྲང་ཆར་སྤང་ལ་འབབ་དུས་སུ།།
ངའི་མཛེས་སྡུག་སེམས་ཀྱི་མེ་ཏོག་ཡིན།
ངའི་མཛེས་སྡུག་སེམས་ཀྱི་མེ་ཏོག་ཡིན།།

更多>> 王长青的热门歌曲