藏家姑娘
湖边的花朵2
歌手:南措
专辑:《湖边的花朵2》

སྟོད་ཕྱོགས་འབྲོག་པའི་སྤང་ཐང་སྟེང་ནས་
ལ་གླུ་སྙན་མོ་དབྱངས་ལ་བཀུག་སྟེ་
འབྲིབརྒྱའི་འོ་མ་དགུང་ལ་མཆོད་པའི་
འབྲོག་ཟ་ལྷ་མོ་རྣ་བར་སྙན་སོང་
ཡ་རེ་ ཡ་རེ་ ཡ་རེ་ ཡ་རེ་
འབྲོག་ཟ་ལྷ་མོ་རྣ་བར་སྙན་སོང་
སྨད་ཕྱོགས་རོང་བའི་ཞིང་ས་དེ་ནས་
མཚར་སྡུག་ལང་ཚོའི་སྒེགས་ཉམས་ངོམས་བཞིན་
འབྲུ་དྲུག་ལོ་ཏོག་མཛོད་ལ་བསྡུ་བའི་
རོང་ས་ལྷ་མོ་མིག་ལ་མཛེས་སོང་
ཡ་རེ་ ཡ་རེ་ ཡ་རེ་ ཡ་རེ་
རོང་ས་ལྷ་མོ་མིག་ལ་མཛེས་སོང་
མཐོ་འབྲིང་སློབ་གྲྭའི་གླིང་ག་དེ་ནས་
ཀ་ཁ་ག་ངའི་གདངས་དབྱངས་གྱེར་ནས་
གནའ་དེང་ཤེས་བྱ་རྒྱུད་ལ་ལེན་པས་
གངས་ཅན་བོད་མོ་བློ་ལ་བབས་སོང་
ཡ་རེ་ ཡ་རེ་ ཡ་རེ་ ཡ་རེ་
གངས་ཅན་བོད་མོ་བློ་ལ་བབས་སོང་
གངས་ཅན་བོད་མོ་བློ་ལ་བབས་སོང་
གངས་ཅན་བོད་མོ་བློ་ལ་བབས་སོང་
更多>> 南措的热门歌曲