卓姆仁青岗(feat.拉巴顿珠)
༢༠༡༨
歌手:MrJin洛桑晋美
专辑:《༢༠༡༨》

作词 : 民歌/洛桑晋美
作曲 : 民歌/后藏旦增
གྲོ་མ་རིན་ཆེན་སྒང་།
ཚེག་མདངས། དམངས་ཁྲོད། བསྟན་འཛིན། བློ་བཟང་འཇིགས་མེད།
~~~X~~~
གྲོ་མོ་རིན་ཆེན་སྒང་ལ། ཐད་མཁན་མི་ཞིག་བྱུང་ན། ངའི་ཆེན་པོའི་ལག་རྟགས་མེད་ཀྱང་། ཆུང་བའི་ཡིག་ཆུང་བསྐུར་ཡོད། …
ལྕམ་སྐུ་ཞབས། ག་རེ་གནང་གི་ཡོད།
མ་མཇལ་ཡུན་རིང་སྐུ་གཟུགས་བདེ་པོ་ཡིན་ནོ།
ད་བར་དུ་འབྲེལ་བ་གཅིག་ཡས་མ་བྱུང།
ཕལ་ཆེར་ཁྱེད་རང་ང་བརྗེད་པ་མིན་འགྲོ།
ཡིག་གི་གཅིག་སྐུར་ནས་བསམ་ཚུལ་བཤད།
ཁྱེད་རང་གི་བཞིན་རས་ཡིད་ལ་དྲན།
བརྩེ་སེམས་དེ་ཁྱེད་རང་ལ་སྤྲོད།
ངའི་བརྩེ་བའི་མི་དི་ཁྱེད་རང་ལས་མེད།
ལོ་ཁ་ཤས་གོང་གི་གཟའ་ཟླ་བ་གཅིག་ལ།
ཁྱེད་རང་ང་དང་ཁ་བྲལ་ནས།
བཀའ་མོལ་ཚིག་གཅིག་ཡས་གསུངས་མེད།
སྐྱིད་པོའོ་ནས་གཅིག་པོའོ་ཐད།
ཁྱེད་རང་ལམ་སང་ལོག་ཡོང་གི་རེད་བསམ་བྱུང་།
ཡིན་ནའི་དུས་ཚོས་ལོ་དི་གས་ཕྱིན་སོང་།
ངའི་བློ་དི་ཕམ་བྱུང་།
ཡིན་ནའི་ཉི་མ་དི་མགྱོགས་པོ་འགྲོ་རེད་བསམ་བྱུང་།
ཡཱ་་་འོ་ན་ལྷ་སའི་གཞུང་ལ་གསུང་ལ་སྙན་པའི་བྱིའུ་ཆུང་འཇོལ་མོ། གསུང་སྐད་སྙན་པ་ལཱ། སང་གཞེས་གནངས་གཞེས། དབྱིངས་ཀྱི་ནང་ལ་ཚུད་སོང་། ཤར་པ་རིན་འཛིན་དགའ་ཡཱ། སྔོན་མོའི་ཆང་གིས་ལ་བཟི་ཡཱ། …
ལྕམ་སྐུ་ཞབས། ག་རེ་གནང་གི་ཡོད།
ཁྱེད་རང་ང་ལ་སེམས་ཁྲལ་བྱས་མི་དགོས།
སྣང་བ་སྐྱིད་པོ་འདུག་ བདེ་པོ་ཡིན་དོའོ།
ཁྱེད་རང་འཁྲིས་ལ་ཡོད་ན་ཕུན་སུམ་ཚོགས།
གངས་འབབ་སོང་ལོ་གསར་པ་ཤར་སོང་།
ཁྱེད་རང་ཡང་སྙིང་ག་དུས་ལོག་ཕེབས་ཡོང་།
མཉམ་དུ་གནམ་མཚོ་འགྲོ་རྒྱུ་ཁ་ཆད་བྱས་པ་དེ་ལག་ལེན་ཐོབ་མ་སོང་།
གལ་ཡོད་མ་རེད་སེམས་ཕམ་མ་དགོས།
རྗེས་སུ་གོ་སྐབས་མང་པོ་ཡོད་རེད།
ང་ནི་སྔར་བཞིན་ཁྱེད་རང་གི་མི་ཟབ་པོ་དེ་ཡིན།
འགྱུར་བ་མེད་པའི་མི་དེ་ཡིན།
ཁྱེད་རང་ས་དེར་གཟུགས་པོ་བདག་གཅེས་བྱེད།
སྣང་བ་སྐྱིད་པོ་བྱས་བཞུགས་ཞི།
ཡིག་གི་འདི་གཟིགས་བྱུང་ན་ཡིག་ལན་ཞིག་བསྐུར་ན།
དི་ནི་ང་རའི་རེ་བ་ཡིན།
གྲོ་མོ་རིན་ཆེན་སྒང་ལ། ཐད་མཁན་མི་ཞིག་བྱུང་ན། ངའི་ཆེན་པོའི་ལག་རྟགས་མེད་ཀྱང་། ཆུང་བའི་ཡིག་ཆུང་བསྐུར་ཡོད།
འཇམ་ཐིང་ཐིང་གི་མཚན་མོ་ཞིག་ལ།
ཟླ་འོད་འཕྲོ་བའི་མཚོ་ཆུའི་འགྲམ་ལ།
དུས་ནམ་ཡང་ཁ་མ་འབྲལ་བ་དམ་བཅའ་བཞག་བའི་བསམ་བློ་འཁོར་བ།
དེ་དུས་གཅིག་སེམས་གཅིག་ལ་འབྲེལ་བ།
མ་བསྒྲིགས་རང་བསྒྲིགས་ཀྱི་གཏན་གྲོགས་ཡིན་པ།
ཁྱེད་རང་ལ་སྐུར་བའི་ངས་བྲིས་བའི་རི་མོ།
འབྱོར་ཡོད་ནམ་ལན་བྱེད་མཁན་མི་འདུག
ཁྱེད་རང་ལ་བཏབས་པའི་མེ་ཏོག
སྔ་ས་ནས་རྣམ་པར་བཞད་སོང་།
ཚེས་ཆེན་དུས་བཟང་ལ་སླེབས་དུས་།
ང་འགྲམ་དུ་ཡོད་པའི་བསམ་འདུན།
ང་གཉིས་མགྱོགས་པོ་ཐུག་ཡོད་པའི་སྨོན་འདུན།
དང་དེའི་སྐོར་གྱི་གཉིད་ལམ་ནང་འཛུལ།
ལཱ་་་ག་རེ་གནང་མཁན་ཡིན། ལཱ་་་མཆོད་ཆང་བཞེས་མཁན་ཡིན་པས། ནོར་འཛིན་གསལ་སྒྲོན་དབྱིངས་ཀྱི་ནང་ལ་ཚུད་སོང་། ཤར་པ་རིན་འཛིན་དགའ་ཡཱ། སྔོན་མོའི་ཆང་ལ་བཟི་ཡཱ། …
~~~X~~~
更多>> MrJin洛桑晋美的热门歌曲