歌手:
三智才让
专辑:
《三智才让精选集》 作词 : 岗华
作曲 : 三智才让
编曲 : 王冬东
ས་འབའ་ཐང་སེམས་ཀྱི་ནམ་མཁའ་ཡིན།།
ཆུ་འབའ་ཆུ་ནམ་མཁའི་དགུ་ཚིགས་ཡིན།།
ཕ་ཨ་ཁུ་ཉི་ཟླ་ཉིས་འཛོམས་ཡིན།།
ཡུལ་ཚོ་བ་ནམ་མཁའི་སྐར་མ་ཡིན།།
ཕ་ཨ་ཁུ་ཉི་ཟླ་ཉིས་འཛོམས་ཡིན།།
ཡུལ་ཚོ་བ་ནམ་མཁའི་སྐར་མ་ཡིན།།
ས་འདི་ལ་ཨ་མའི་འདང་ཟིག་ཡོད།
ཆུ་འདི་ལ་འོ་མའི་བཅུད་ཟིག་ཡོད།
ས་འབའ་སྟོད་རིན་ཆེན་འོད་ཀྱི་གླིང་།།
རི་མཐོན་པོ་རེ་ལ་ལྷ་རེ་གནས།།
ས་འབའ་སྨད་རོང་ས་པདྨའི་རྫོང་།།྄
རྫོང་རེ་རེའི་ནང་ལ་གཡང་རེ་ཆགས།།
ས་འབའ་སྨད་རོང་ས་པདྨའི་རྫོང་།།྄
རྫོང་རེ་རེའི་ནང་ལ་གཡང་རེ་ཆགས།།
ཆུ་རྨ་གཡང་ཕྱུག་མོའི་སྐེད་རགས་ཅན།།
གནས་རྫོང་རུ་རིག་པའི་སྒྲུང་རིང་ཡིན།
ས་འབའ་ཐང་སེམས་ཀྱི་ནམ་མཁའ་ཡིན།།
ཆུ་འབའ་ཆུ་ནམ་མཁའི་དགུ་ཚིགས་ཡིན།།
ཕ་ཨ་ཁུ་ཉི་ཟླ་ཉིས་འཛོམས་ཡིན།།
ཡུལ་ཚོ་བ་ནམ་མཁའི་སྐར་མ་ཡིན།།
ཕ་ཨ་ཁུ་ཉི་ཟླ་ཉིས་འཛོམས་ཡིན།།
ཡུལ་ཚོ་བ་ནམ་མཁའི་སྐར་མ་ཡིན།།
ས་འདི་ལ་ཨ་མའི་འདང་ཟིག་ཡོད།
ཆུ་འདི་ལ་འོ་མའི་བཅུད་ཟིག་ཡོད།