仙彭达瓦活佛赞歌
仙彭达瓦活佛赞歌
歌手:三智才让
专辑:《仙彭达瓦活佛赞歌》

作词 : 让色
作曲 : 三智才让
ཐོས་བསམ་ཆུ་ཤེལ་དབང་པོ།།
ཤེས་བྱའི་མཁའ་རུ་ཚེས་ཏེ།།
ལེགས་བཤད་བསིལ་ཟེར་འཇོ་བའི།།
མཆོག་སྤྲུལ་གཞན་ཕན་ཟླ་བ།།
རིན་པོ་ཆེ།།
མཆོག་སྤྲུལ་གཞན་ཕན་ཟླ་བ།།
རིན་པོ་ཆེ།།
རོང་སྲས་ལྷ་རྒོད་འབུམ་ལུ།།
སླར་ཡང་སྲིད་འདིར་ཟློས་པ།།
སྙིགས་བདོའི་རྒུད་པ་གསོ་བའི།།
དུས་ཀྱི་ནོར་བུ་དམ་པ།།
རིན་པོ་ཆེ།།
དུས་ཀྱི་ནོར་བུ་དམ་པ།།
རིན་པོ་ཆེ།།
ཤར་ནུབ་གདུལ་བྱ་སྐྱོང་ལ།།
ཐུགས་སྟོབས་རྨད་དུ་བྱུང་བ།།
ཐབས་ཤེས་གསེར་གྱི་འཁོར་ལོ།།
བསྟན་འགྲོའི་དཔལ་དུ་ཆེའོ།།
རིན་པོ་ཆེ།།
བསྟན་འགྲོའི་དཔལ་དུ་ཆེའོ།།
རིན་པོ་ཆེ།།

更多>> 三智才让的热门歌曲