DMW
D.M.W
歌手:尖参 (Jason j)
专辑:《D.M.W》

作词 : 尖参Jason J
作曲 : 尖参Jason J
གདོང་དམར་བ། གདོང་དམར་བ།
གདོང་དམར་བ། གདོང་དམར་བ།
གདོང་དམར་བ་ཀི་བསྭོ་བསྭོ། ལྷ་རྒྱལ་ལོ།
གདོང་དམར་བ། གདོང་དམར་བ།
གདོང་དམར་བ་ཀི་བསྭོ་བསྭོ། ལྷ་རྒྱལ་ལོ།
གདོང་དམར་བ། ཁ་བ་ཅན། གངས་ཅན་པ།
ཀི་བསྭོ་བསྭོ། ལྷ་རྒྱལ་ལོ།
གདོང་དམར་བ། ཁ་བ་ཅན། གངས་ཅན་པ།
ཀི་བསྭོ་བསྭོ། ལྷ་རྒྱལ་ལོ།
མགོ་བཀྱགས་ན་སྔོན་པོ་གནམ་རེད།
མགོ་བསྒུར་ན་དོག་མོ་ས་རེད།
ང་སྐྱེས་ས་གངས་ཅན་བོད་རེད།
ངའི་བླང་ནོ་མི་ལུས་གསེར་རེད།
འདི་དགའ་སྐྱོ་ཆགས་སྡང་ཡོད་ནོ་ལུས་རེད།
དང་ལེན་བྱས།
འདི་ལུས་ལ་ནད་ཚ་མེད་ན་སྐྱིད་རེད།
སྨོན་ལམ་ཐོབས།
འདི་རྨོ་མོའི་ང་ལ་བཤད་ནོ་མི་ཚེ་གཏན་ཚིག་ཡིན།
ངའི་རྒྱུན་ལྡན་སེམས་ལ་བཟུང་ཡོད།
ཡིད་ལ་བཅིངས་ཡོད།
དོན་དུ་གཉེར་ཡོད།
འོན་ཀྱང་།
མཚམས་མཚམས་སུ་དགོས་མི་དགོས་བྱ་བ་འཕྲད་ན་སེམས་པ་མི་སྐྱིད་གི རྨོ་མོ།
འཕྲད་མི་དགོས་མི་ལ་འཕྲད་ན་སེམས་པ་མི་སྐྱིད་གི རྨོ་མོ།
དོན་ངོ་མ་མི་ཚེ་རིན་ཐང་ཟེར་བ་ཅི་ཞིག་རེད། རྨོ་མོ།
ངའི་བསྐྱར་ནས་བསྐྱར་དུ་དཔེ་དེབ་ནང་དུ་བཙལ་རུང་མ་རྙེད།
ངའི་ཡང་ནས་ཡང་དུ་ཨ་ཕར་དྲི་བ་དྲིས་རུང་མ་བཤད།
དོན་ངོ་མ་མི་ཚེ་རིན་ཐང་ཟེར་བ་ཅི་ཞིག་རེད།
གདོང་དམར་བ། གདོང་དམར་བ།
གདོང་དམར་བ་ཀི་བསྭོ་བསྭོ། ལྷ་རྒྱལ་ལོ།
གདོང་དམར་བ། གདོང་དམར་བ།
གདོང་དམར་བ་ཀི་བསྭོ་བསྭོ། ལྷ་རྒྱལ་ལོ།
གདོང་དམར་བ། ཁ་བ་ཅན། གངས་ཅན་པ།
ཀི་བསྭོ་བསྭོ། ལྷ་རྒྱལ་ལོ།
གདོང་དམར་བ། ཁ་བ་ཅན། གངས་ཅན་པ།
ཀི་བསྭོ་བསྭོ། ལྷ་རྒྱལ་ལོ།
ཆུང་དུས་སུ་ངའི་ཨ་མའི་ང་ལ་བཤད་རྒྱུར་
བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།
གཞོན་དུས་སུ་རྒན་གྱིས་ང་ལ་བཤད་རྒྱུར་
བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།
ད་ལྟ་ངའི་ཤེས་བ་ནི།
ང་རང་ནི་རང་གི་མགོན་ཡིན་དེ་གཞན་བལྟ་སུ་ཞིག་མགོན་དུ་བགྱི།
མི་ལ་ལ་དགོས་ནོ་སྒོར་མོ།
མི་ལ་ལ་ཡོད་ནོ་ཞེ་སྡང་།
མི་ལ་ལས་ཤེས་ནོ་ཕྲག་དོག
དོན་ངོ་མ་མི་ཚེ་རིན་ཐང་ཟེར་བ་ཅི་ཞིག་རེད།
ཁྱོད་ཁ་ན་སྟོན་པ་སྟོན་པ།
ཁྱོད་ཁོག་ན་གཤིན་རྗེ་གཤིན་རྗེ།
སངས་རྒྱས་སེམས་ན་ཡོད་ནི་མིན་ནས་ཁ་ན་མེད། ཤ་ཉེ།
སེམས་ངན་བཅང་ནས་མ་ནི་བགྲངས་པ་ལས།
སེམས་བཟང་བཅང་ནས་གླུ་ཆུང་བླང་ན་དགའ།
སེམས་ངན་བཅང་ནས་མ་ནི་བགྲངས་པ་ལས།
སེམས་བཟང་བཅང་ནས་གླུ་ཆུང་བླང་ན་དགའ།
གདོང་དམར་བ། གདོང་དམར་བ།
གདོང་དམར་བ་ཀི་བསྭོ་བསྭོ། ལྷ་རྒྱལ་ལོ།
གདོང་དམར་བ། གདོང་དམར་བ།
གདོང་དམར་བ་ཀི་བསྭོ་བསྭོ། ལྷ་རྒྱལ་ལོ།
གདོང་དམར་བ། ཁ་བ་ཅན། གངས་ཅན་པ།
ཀི་བསྭོ་བསྭོ། ལྷ་རྒྱལ་ལོ།
གདོང་དམར་བ། ཁ་བ་ཅན། གངས་ཅན་པ།
ཀི་བསྭོ་བསྭོ། ལྷ་རྒྱལ་ལོ།
更多>> 尖参 (Jason j)的热门歌曲