系在韵律上的爱《3》
《系在韵律上的爱》
歌手:德格加
专辑:《《系在韵律上的爱》》


ལོ་བཅོ་ལྔའི་སྣང་བ་ཆུ་ཡིན།།
ཆུ་ཡིན་རུང་བཞུར་ནས་ཚར་ཐལ།།
ལོ་ཉི་ཤུའི་བརྩེ་བ་མེ་ཡིན།།
མེ་བཞིན་དུ་འབར་ནས་ཐོན་དུས།།
ཆུ་ཆར་བས་བེར་རྒྱུ་ཡོད་ནོ་འདི།།
སུ་ཡིན་རུང་སེམས་ན་ལོས་ཡག།
ངའི་བཅོ་ལྔ་ཚར་ནས་ཉི་ཤུ།
ངའི་ཉི་ཤུ་ལང་ཚོ་གཞོན་ན་འདོད།།
སེམས་བསམ་པའི་རོགས་ཞིག་བཙལ་ནོ།།
གཞན་མ་རེད་མེ་ཏོག་ཁྱོད་ཡིན།།
ཁྱོད་ཡིན་ནོ་གཞན་གྱིས་ཤེས་མེད།།
གཞན་མིན་རུང་ཁྱོད་ཀྱིས་ཤེས་དགོས།།
ན་མེ་ཏོག་གཞུང་ལ་ཡོང་ནས།།
ཆུ་གཙང་བོ་ཁ་ནས་ཐུག་གི།
ལུག་གཡང་དཀར་རྫ་ནས་ཐུག་ནས།།
ཚིག་གོ་ངེས་ཁ་ནས་བཤད་ལས།།
རྟགས་ཕུ་རུང་ནང་ནས་བརྗེ་ནོ།།
ཁྱོའི་ཡན་ན་ད་རུང་མེད་ཀི།།
ངའི་ཆུང་དུས་རྩེད་རོགས་ཞིག་གིས།།
ཁྱོད་གནས་ལ་སོང་ནོ་བཤད་ཀི།
བློ་མ་བདེ་ཁ་པར་བཏང་ནི།།
ཡིད་མ་ཆེས་སྐད་འཕྲིན་བསྐུར་ར།།
བློ་བདེ་དང་མ་བདེ་མི་ངེས།།
ཡིད་ཆེས་དང་མ་ཆེས་མི་འདུག།
ཁྱོས་ཁ་པར་མ་བརྒྱབ་གོང་ལ།།
ཁྱོས་སྐད་འཕྲིན་མ་འབྱོར་གོང་ལ།།
ཁྱོད་གནས་ལ་བསྐྱེལ་བའི་གཏམ་ངན་འདི།།
དུག་ཚེར་མ་བཞིན་དུ་ཡོང་ནས།།
ངའི་སྙིང་གི་གསེང་ལ་ཟུག་ཐལ།།
རོགས་བསམ་པ་ཅན་ཞིག་མིན་རུང་།།
མ་ཁྲེལ་གཞུང་ཅན་ཞིག་ཡིན་ན།།
ལས་འདི་མོ་བཤད་ས་མེད་ཀི།
སྡུག་འདི་མོ་འཇོག་ས་མེད་ཀི།
སྡུག་འདི་མོ་འཇོག་ས་མེད་ཀི།
སྡུག་འདི་མོ་འཇོག་ས་མེད་ཀི།
སྡུག་འདི་མོ་འཇོག་ས་མེད་ཀི།

更多>> 德格加的热门歌曲