歌手:
贡波桑周
专辑:
《吾尔朵》 作词 : 民间
作曲 : 道锐
ཕྱིང་གླུ་བཀྲ་ཤིས་དགུ་འཁྱིལ།
ཚིག དམངས་ཁྲོད།
དབྱངས། རྡོ་རེད།
ལེན་མཁན། མགོན་པོ་བསམ་གྲུབ།
࿄࿄࿄
གཡང་ཕྱུག་ཚེར་མོ་ལུག་གི་བལ་དཀར་ཁ་ཆུ་འཇོ་ལོ་ལོ།
ཚེར་མོ་ལྷས་ལ་འཛོམས་དུས། ལུག་ཆུང་འབའ་སྒྲ་ལྷང་སེ་ལྷང་།
ཕྱིང་དཀར་ཆུ་བླང་རེད། གོས་གི་དང་རྩེ་རེད།
སྟག་ཤར་ཇག་ལ་འགྲོ་གི་ཇག་ཕྱིང་ཡིན།
བུ་མོ་གནས་ལ་འགྲོ་གི་གནས་ཕྱིང་ཡིན།
བྲེ་སེར་འབྲོང་གི་ཐོད་ཀོ་ཤོག
ཐོད་ཀོ་མིན་རུང་ཐོད་འདྲ་ཤོག
ཁ་དཀར་རྐྱང་གི་དྲུག་ཀོ་ཤོག
དྲུག་ཀོ་མིན་རུང་དྲུག་འདྲ་ཤོག
གོས་ཤིག་གི་གོང་བ་ཟོར་འདྲ་དགོས།
མཁར་ཤིག་གི་རྟིང་བ་བརྩིགས་འདྲ་དགོས།
ཐེ་རུ་གུ་གུ སྣེ་གུ་མུ་མུ
གོང་ཙེ་རིག་སེ་རིག
གོང་རྒྱན་ཐག་སེ་ཐག
འདབ་མ་བཀྱགས་སེ་བཀྱགས་།
སག་རུ་བོང་སེ་བོང་།
སག་རྒྱན་ཤིག་སེ་ཤིག་
གཅིག་གཅིག་རེ།
གཉིས་གཉིས་རེ།
གཅིག་རེ་གཉིས་རེ་གསུམ།
གཅིག་རེ་གཉིས་རེ་གསུམ། བཞི་རེ་ལྔ་རེ་དྲུག
࿄࿄࿄
གཡང་ཕྱུག་ཚེར་མོ་ལུག་གི་བལ་དཀར་ཁ་ཆུ་འཇོ་ལོ་ལོ།
ཚེར་མོ་ལྷས་ལ་འཛོམས་དུས། ལུག་ཆུང་འབའ་སྒྲ་ལྷང་སེ་ལྷང་།
ཕྱིང་དཀར་ཆུ་བླང་རེད། གོས་གི་དང་རྩེ་རེད།
སྟག་ཤར་ཇག་ལ་འགྲོ་གི་ཇག་ཕྱིང་ཡིན།
བུ་མོ་གནས་ལ་འགྲོ་གི་གནས་ཕྱིང་ཡིན།
བྲེ་སེར་འབྲོང་གི་ཐོད་ཀོ་ཤོག
ཐོད་ཀོ་མིན་རུང་ཐོད་འདྲ་ཤོག
ཁ་དཀར་རྐྱང་གི་དྲུག་ཀོ་ཤོག
དྲུག་ཀོ་མིན་རུང་དྲུག་འདྲ་ཤོག
གོས་ཤིག་གི་གོང་བ་ཟོར་འདྲ་དགོས།
མཁར་ཤིག་གི་རྟིང་བ་བརྩིགས་འདྲ་དགོས།
ཕྱིང་དཀར་ཆུ་བླང་རེད། གོས་ཀྱི་དང་རྩེད་རེ།
འཇོག་གི་བུ་མོའི་ལག་པ་ལྡེམ་སེ་ལྡེམ།
བླང་གི་མ་སྲིའི་ངག་སྒོ་ལྷང་སེ་ལྷང་།
རྒན་པོའི་དབུ་ན་མཛའ།
སྟག་ཤར་ལུས་ན་མཛའ།
མ་སྲིའི་ལག་ན་མཛའ།
གཅིག་གཅིག་རེ།
གཉིས་གཉིས་རེ།
གཅིག་རེ་གཉིས་རེ་གསུམ།
གཅིག་རེ་གཉིས་རེ་གསུམ། བཞི་རེ་ལྔ་རེ་དྲུག
RengTsing文化传媒