江孜民歌
羚羊角II
歌手:羚羊角
专辑:《羚羊角II》

རྒྱལ་རྩེའི་དམངས་གཞས།
གཙོད་རྭ་རོལ་ཚོགས།
མཐོ་བ་དེ་ནམ་མཁར་འཕུར་སོང་ཟེར་ས་མེད།
དམའ་བ་དེ་ས་ལ་འཛུལ་སོང་ཟེར་ས་མེད།
དབང་ཆེན་གྱི་དཔོན་པོས་ཕྲོགས་སོང་ཟེར་ས་མེད།
དབང་ཆུང་གི་འཁྱམས་པོས་བརྐུས་སོང་ཟེར་ས་མེད།
བུ་མོ་སྣང་སས་མི་འགྲོ་ཟེར་ས་མེད།
ཕ་མ་བརྙེད་ཀྱི་མི་འདུག་ཟེར་ས་མེད།
རྒྱལ་༼རྒྱང༽རྩེའི་གནས་རྙིང་ལ།
ལ་ནི་གཟུངས་སྒྲུབ་ལ། ལྟད་མོ་ལྟ་ལ་ལ།
གསོལ་འོ། ཡ་ལ་ཨེ་ལྟད་མོ་ལྟ་ལ་ཕྱིན་པས།
བདག་ལ་དབང་ཆེན་དཔོན་པོས། སྐེ་ལ་མདའ་དར་ལ།
གསོལ་འོ། ཡ་ལ་ཨེ་སྐེ་ལ་མདའ་དར་ལ་ལ་ནི་བཙུགས་ལ་བྱུང་།
ཡབ་ཆེན་ཨ་ཕས་ལ།
ལ་ནི་བཀའ་བཀྱོན་ཤར་ཕྱོགས་རི་ལས་ལ།
གསོལ་འོ། ཡ་ལ་ཨེ་ཤར་ཕྱོགས་རི་ལས་ལ་ནི་མཐོ་ལ་བ།
ཡུམ་ཆེན་ཨ་མས་ལ།
ལ་ནི་བཀའ་འཀྱོན་དམར་པོའི་མེ་ལས་ལ།
གསོལ་འོ། ཡ་ལ་ཨེ་དམར་པོའི་མེ་ལས་ལ་ནི་ཚ་ལ་བ།
མཐོ་བ་དེ་ནམ་མཁར་འཕུར་སོང་ཟེར་ས་མེད།
དམའ་བ་དེ་ས་ལ་འཛུལ་སོང་ཟེར་ས་མེད།
དབང་ཆེན་གྱི་དཔོན་པོས་ཕྲོགས་སོང་ཟེར་ས་མེད།
དབང་ཆུང་གི་འཁྱམས་པོས་བརྐུས་སོང་ཟེར་ས་མེད།
བུ་མོ་སྣང་སས་མི་འགྲོ་ཟེར་ས་མེད།
ཕ་མ་བརྙེད་ཀྱི་མི་འདུག་ཟེར་ས་མེད།
མཐོ་བ་དེ་ནམ་མཁར་འཕུར་སོང་ཟེར་ས་མེད།
དམའ་བ་དེ་ས་ལ་འཛུལ་སོང་ཟེར་ས་མེད།
དབང་ཆེན་གྱི་དཔོན་པོས་ཕྲོགས་སོང་ཟེར་ས་མེད།
དབང་ཆུང་གི་འཁྱམས་པོས་བརྐུས་སོང་ཟེར་ས་མེད།
གཞས་ཚིག་བསྒྲིག་མཁན་་་་་རྒྱལ་རྩེ་རྣམ་གྲོལ། ། ། །
更多>> 羚羊角的热门歌曲