歌手:
洛桑尼玛
专辑:
《城市City》 作词 : 曼拉杰甫
作曲 : 洛桑尼玛
译:曼拉杰甫
音乐制作/混音:旦旦
吉他:杨健
扎念琴:旦旦 洛桑尼玛
MV导演:Ludreb Dorjy
ནམ་མཁའ་གཡུ་ལས་སྔོ་བའི།།
རི་རྩེ་དེ་ནས་ཡོང་བ།།
ཁང་བརྩེགས་བྲག་ལས་མཐོ་བའི།།
གྲོང་ཁྱེར་འདི་ནས་ལུས་སོང་།།
ཁང་བརྩེགས་བྲག་ལས་མཐོ་བའི།།
གྲོང་ཁྱེར་འདི་ནས་ལུས་སོང་།།
མཐོང་ལམ་རྡུལ་གྱིས་བཀབ་སོང་།།
མི་སེམས་བྲེལ་བས་དེད་སོང་།།
གྲོང་ཁྱེར་འདུ་འཛི་ཆེ་ཡང་།།
བློ་ཕུག་གཏོད་ས་མི་འདུག།
གྲོང་ཁྱེར་འདུ་འཛི་ཆེ་ཡང་།།
བློ་ཕུག་གཏོད་ས་མི་འདུག།
ཐང་དཀར་རྒོད་དང་འགྲོགས་པའི།།
སེམས་འདི་གཟེབ་ལས་ཤོར་སོང་།།
བརྩེ་བ་ཁ་ཞེང་ཆེ་ས།།
ཡུལ་གྲུ་དེ་ལ་ཤོར་སོང་།།
ཐང་དཀར་རྒོད་དང་འགྲོགས་པའི།།
སེམས་འདི་གཟེབ་ལས་ཤོར་སོང་།།
བརྩེ་བ་ཁ་ཞེང་ཆེ་ས།།
ཡུལ་གྲུ་དེ་ལ་ཤོར་སོང་།།
༼མཐོང་ལམ་རྡུལ་གྱིས་བཀབ་སོང་།།(
མི་སེམས་བྲེལ་བས་དེད་སོང་།།
གྲོང་ཁྱེར་འདུ་འཛི་ཆེ་ཡང་།།
བློ་ཕུག་གཏོད་ས་མི་འདུག།༽
གྲོང་ཁྱེར་གློག་གི་གྲོང་ཁྱེར།།
ལམ་ནི་འཇའ་ཚོན་རི་མོ།།
མི་སེམས་ཟམ་པ་མེད་པའི།།
མི་སེམས་ཟམ་པ་མེད་པའི།།