酒歌
酒歌
歌手:让兄多杰
专辑:《酒歌》

ཆང་གཞས།
གཞས་ཚིག། གཟའ་དུག།
གཞས་གདངས།བཀྲ་ཤིས་རྣམ་རྒྱལ།
གཞས་པ།རང་བྱུང་རྡོ་རྗེ།
࿄࿄࿄
ཆང་འདི་མི་འཐུང་མ་གསུང།།
བྱམས་ལྡན་ཨ་ཕའི་སེམས་པ།།
ལོ་ཆང་ཁམ་པར་ཤོར་ཡོད།།
གཡང་དཀར་འཕེལ་ཁ་དར་དུས།།
བཟི་ཁ་སེམས་ལ་ཟུག་ཡོད།
བཟི་ཁ་སེམས་ལ་ཟུག་ཡོད།
ཨ་ཕར་འདང་ཞིག་རྒྱག་ན།།
ཆང་འདི་གཙང་བཞེས་གནང་རོགས།།
࿄࿄࿄
ཆང་འདི་མི་འཐུང་མ་གསུང།།
ཨ་ཅག་བུ་མོའི་སེམས་པ།།
ཞིང་ཚིགས་གྲུ་བཞིར་ཤོར་ཡོད།།
ནས་འབྲུ་སྔོན་མོའི་སྐྱེ་ཡ།།
བོད་པའི་བུ་མོས་བྱས་ཡོད།
བོད་པའི་བུ་མོས་བྱས་ཡོད།
བུ་མོར་འདང་ཞིག་ཡོད་ན།།
ཆང་འདི་གཙང་གཞེས་གནང་རོགས།
࿄࿄࿄
ཆང་འདི་མི་འཐུང་མ་གསུང་།
གཞིས་བྱེས་སྤུན་ཟླའི་དགྱེས་འཛོམས།།
བདུད་རྩི་ཆང་ལ་བཅོལ་ཡོད།།
དགའ་སྐྱིད་འཛོམས་པའི་གཞས་ཆུང།།
ཆང་ཕོར་ཁ་ལ་འཁྱིལ་ཡོད།
ཆང་ཕོར་ཁ་ལ་འཁྱིལ་ཡོད།
ཆང་འདིར་འདང་ཞིག་རྒྱག་ན།།
གཞས་འདི་ཡང་གཅིག་ལེན་རོགས།
གཞས་འདི་ཡང་གཅིག་ལེན་རོགས།
RengTsing文化传媒
更多>> 让兄多杰的热门歌曲