故乡玉树(live版)
这一生只牵你的手
歌手:贡尕达哇
专辑:《这一生只牵你的手》

作词 : 白玛扎西
作曲 : 巴丁曲扎
ཕ་ཡུལ་ཡུལ་ཤུལ།

ཚིག པདྨ་དབང་གྲགས།

དབྱངས། དཔལ་ལྡན་ཆོས་གྲགས།

གཞས་པ། གངས་དཀར་ཟླ་བ།

འབིས་ཀྱི་རྣམ་པར་སྣང་མཛད་བྱིན་རླབས། །
རྒྱ་ནག་མ་ཎི་རང་བྱོན་དངོས་གྲུབ། །
རྒྱམ་རྒྱལ་རྡོ་ཏི་གངས་དཀར་གཟི་བརྗིད། །
ཨོ་་་་་་་

ཕ་ཡུལ་གཙང་གསུམ་མཛེས་རྒྱན་ཡིན་སོང་། །
མཐའ་མེད་རྩྭ་ཐང་དཔའ་ཐང་མཇའ་ཐང་། །
མཛེས་སྡུག་ནོར་ལུག་སྟོང་གི་འཚོ་གནས། །
རྒྱུ་ནོར་དགོས་འདོད་ཀུན་གྱི་གཞི་མ། །
ཨོ་་་་་་་
མཛེས་པའི་གཙང་གསུམ་ཡུལ་ཤུལ་སྡེ་ཡིན། །

དཔའ་མཛངས་རྟུལ་ཕོད་ལྡན་པའི་ཕོ་རྒོད། །
ལང་ཚོའི་མཛེས་སྡུག་ངོམ་པའི་མོ་གསར། །
དྲང་བདེན་ཆོས་ལ་ཞུགས་པའི་ཡུལ་མི། །
ཨོ་་་་་་་
ཕ་ཡུལ་གཙང་གསུམ་ཡུལ་གྱི་ཁྱད་ཆོས། །
དྭངས་གཙང་ཆུ་བོ་ཡན་ལག་བརྒྱད་ལྡན། །
རྨ་ཆུ་འབྲི་ཆུ་རྫ་ཆུ་འབབ་ས། །
ཆུ་བོ་ཆེན་པོ་གསུམ་གྱི་འབྱུང་གནས། །
ཨོ་་་་་་
གཙང་གསུམ་འབྱུང་ཁུངས་ཡུལ་ཤུལ་ཡིན་སོང་། །

更多>> 贡尕达哇的热门歌曲