歌手:
白妙音组合
专辑:
《因缘》 作词 : 查德
作曲 : 夏雄.扎西多杰
编曲 : 迪斯传媒
录音 : 雪域青年民族文化传媒
混音 : 北京九乐工作室
女:
ཅང་ཤེས་རྒྱ་བྱ་སོག་དཀར།།
སོག་རུས་མེ་ལོང་རང་བྱོན།།
རྔ་རྔོག་སྤྲིན་པའི་ཅོད་པན།།
སྒ་གཤོག་ཉི་མ་ཟླ་བ།།
男:
གཡང་འབྲུ་རོག་ཆུང་འོམ་བུ།།
འོ་སྤྲིའི་དངོས་གྲུབ་རང་བྱོན།།
བེའུ་རྡང་སྐར་མའི་ཐགས་རྒྱན།།
ཆ་རུ་ཨ་ལོང་ཡང་ལོང།།
合:
བུ་ཆུང་ལགས། སྐལ་བཟང་ནོར་བུ།
སྔ་རུ་ཉི་མ་རང་ཤར་ཕོ་ལྷས་སྲུངས།
ཕྱི་རུུ་དུང་ཟླ་རང་ཚེས་དགྲ་ལྷས་སྲུངས།
བུ་མོ་ལགས། ཚེ་རིང་གཡང་འཛོམས།
བཞོ་ཟེའུ་གཟོམ་དཀར་བུམ་པ་ཟས་ལྷས་སྲུངས།
བཞོ་ལོང་བལ་དཀར་ཞགས་པ་ཐབ་ལྷས་སྲུངས།
合:
མང་ཡུལ་སྟོད་སྨད་སྒོ་བཞི།།
སྒོ་བཞི་གཡང་ར་སྨིག་པོ།།
ཁྲོམ་པ་ཁྲ་སིལ་དགུ་སིལ།།
ན་ཟླ་ཨ་འགྲིག་ཆ་འགྲིག།
མི་ཚོགས་སྐར་གྲལ་འགྲིག་ན།།
ཐུགས་ཁྲེལ་སྨིན་པོ་མ་ཞུ།།
གཞས་ཆུང་བུམ་ཆུ་དཀར་པོ།།
ཞལ་བསང་གནང་རོགས་གནང་དང།།
ན་ཟླ་ལགས། སྨིན་དྲུག་ཁྲ་མོ།
བཅོ་ལྔ་ཉི་ཤུ་འདྲ་ལེ་གཡང་གསོལ་ལོ།།
ཉི་ཤུ་ཚར་རྟིང་འདྲ་ལེ་གཡང་གསོལ་ལོ།།
ན་ཟླ་ལགས། སྨིན་དྲུག་ཁྲ་མོ།
བཅོ་ལྔ་ཉི་ཤུ་འདྲ་ལེ་གཡང་གསོལ་ལོ།།
ཉི་ཤུ་ཚར་རྟིང་འདྲ་ལེ་གཡང་གསོལ་ལོ།།
བཅོ་ལྔ་ཉི་ཤུ་འདྲ་ལེ་གཡང་གསོལ་ལོ།།
ཉི་ཤུ་ཚར་རྟིང་འདྲ་ལེ་གཡང་གསོལ་ལོ།།