阿若康巴
铭印
歌手:白玉扎西
专辑:《铭印》

作词 : 巴加
作曲 : 德白
ཨ་རོགས་ཁམས་པའི་ཕ་ཡུལ་ཞིང་ཁམས་འདྲ།
ཞིང་ཁ་འབྲུ་ཡི་བང་མཛོད་།
ཨེ་མ་ཡར་འཁྱིལ་བསོ་ཡར་རི་ལོ།
རྩྭ་ཐང་ནོར་གྱི་གཡང་ར།
རིན་ཆེན་གཏེར་ཁ་འབྱུང་གནས།
ན་ལ་ཆུང་སེ་རོལ།
གནས་མཆོག་ཁ་བ་དཀར་པོ།
ན་ལ་ཆུང་སེ་རོལ།
ཨ་རོགས་ཁམས་པའི་གླུ་གར་རྒྱ་མཚོ་ཡིན།
སྒྱུ་རྩལ་སྟོང་གི་གར་སྟེགས།
ཨེ་མ་ཡར་འཁྱིལ་བསོ་ཡར་རི་ལོ།
སྐྱེས་པ་གླུ་ཡི་རྒྱལ་པོ།
བུ་མོ་བྲོ་ཡི་ལྷ་མོ།
ན་ལ་ཆུང་སེ་རོལ།
སྙན་མོ་རོལ་དབྱངས་ཞིང་ཁམས།
ན་ལ་ཆུང་སེ་རོལ།
ཨ་རོགས་ཁམས་པའི་ཕོ་གསར་རྫིག་ཉམས་ཅན།
སྐྱེས་པ་ཕོ་ཡི་དཔེ་མཚོན།
ཨེ་མ་ཡར་འཁྱིལ་བསོ་ཡར་རི་ལོ།
ཕོ་གསར་ཡིད་སྨོན་སྐྱེས་སོང་།
མོ་གསར་སེམས་པ་ཤོར་སོང་།
ན་ལ་ཆུང་སེ་རོལ།
རྫིག་པོ་ཁམས་པའི་ཕོ་གསར་།
ན་ལ་ཆུང་སེ་རོལ།
མོ་གསར་སེམས་པ་ཤོར་སོང་།
ན་ལ་ཆུང་སེ་རོལ།
རྫིག་པོ་ཁམས་པའི་ཕོ་གསར་།
ན་ལ་ཆུང་སེ་རོལ།
ན་ལ་ཆུང་སེ་རོལ།
更多>> 白玉扎西的热门歌曲