阿妈(instrumental )
阿妈
歌手:扎智多杰
专辑:《阿妈》

作词 : 拉龙·索来
作曲 : 嘎·更尕秋培
༼ དྲིན་ཆེན་ཨ་མ། ༽
ཚིག ལྷ་ལུང་•ཕྱོགས་ལས།
དབྱངས། ཀུན་དགའ་ཆོས་འཕེལ།
ལེན་མཁན། དགྲ་འདུལ་རྡོ་རྗེ།
དལ་འབྱོར་གྱི་མི་ལུས་གནང་མཁན།
བུ་ཆུང་ངའི་དྲིན་ཆེན་ཨ་མ།
ཁྱེད་ཀྱི་སྐུ་གཟུགས་ཚིགས་དྲུག་སྨྱུག་མ་དེ།
བུ་ཆུང་ང་ཡི་དོན་དུ་སྒུར་སྒུར་གྱུར་སོང་།
ཨ་མ་་་ཡ་་་ཨ་མ།
དྲིན་ཆེན་གྱི་ཨ་མ། ཚེ་སྲོག་གི་བདག་མོ།
བུ་ཆུང་ང་མདོ་དབུས་ཁམས་གསུམ་གང་དུ་སོང་ཡང་།
ཁྱེད་ཀྱི་བཀའ་དྲིན་དེ་ནམ་ཡང་སེམས་ནས་མི་བརྗེད།

བྱམས་བརྩེ་ཡི་དྲོད་ཁོལ་སྦྱིན་པའི། །
བུ་ཆུང་ངའི་དྲིན་ཆེན་ཨ་མ། །
ཁྱེད་ཀྱི་ཞལ་རས་པདྨ་མའི་འདབ་མ་དེར།
བུ་ཆུང་ང་ཡི་དོན་དུ་གཉེར་མ་འདུས་སོང་།
ཨ་མ་་་་་ཡ་་་་་་ཨ་མ།
དྲིན་ཆེན་གྱི་ཨ་མ། བྱམས་བརྩེ་ཡི་བདག་མོ།
བུ་ཆུང་ང་ས་ཐག་རིང་ཐུང་གང་དུ་སོང་ཡང་།
ཁྱེད་ཀྱི་བཀའ་དྲིན་དེ་ནམ་ཡང་སེམས་ནས་མི་བརྗེད།
更多>> 扎智多杰的热门歌曲