歌手:
扎西
专辑:
《面具-གདོང་འབག》 作词 : 扎西/Yong扎西
作曲 : 扎西/Yong扎西
གདོང་འབག
གཞས་པ། ཚེ་རིང་བཀྲ་ཤིས།
གཞས་ཚིག རླུང་ནག
དངོས་མིང་། ཚེ་རིང་བསམ་འགྲུབ།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
དུས་རབས་ཉེར་གཅིག་སྙིགས་མའི་དུས་ཀྱི་སྤྱི་ཚོགས་ཁྲོད་ཀྱི་མི་བུ་དག།21
ཁ་འཇམ་ཁོག་པ་གཡོ་ཡིས་གང་ལ་ཕྱི་ནས་ཡག་སྟེ་ནང་ལ་བཙོག།
བཟང་པོའི་བུ་ལ་བཟང་བོར་མི་འཕྲོད་ངན་པའི་གཏམ་ལ་བདེན་དུ་འཛིན།།
འོ་ཇ་བླུག་ན་དུག་ལྟར་འཛེམ་ནས་དུད་ཆང་བྱིན་ན་བདུད་བརྩི་འདོད།།
ཕ་དང་མ་ཡིས་རང་སྐད་མི་བཤད་ར་མ་ལུག་གིས་རྒྱན་སྤྲན་བྱེད།
ཕོ་རབ་དམ་པས་ལ་རྒྱའི་དམ་ཚིག་བཤད་ནས་རང་གཞན་སྨྱོ་བའི་ཆང་ལ་རོལ།།
སློབ་བུ་དོན་འགྲུབ་རང་གི་སྐད་ཡིག་མི་ཤེས་གཞན་གྱི་རྗེས་སུ་ཀུ་ཅོ་འདོན།།
དེང་སང་ཁྱིམ་ཚང་མང་པོའི་རང་ཚུགས་བོར་ནས་གྲོང་ཁྱེར་ནག་པོ་གནས་སུ་འཚོ།
ཤེས་མེད་འབྲེལ་ཆེན་ཁྲི་ལ་བཞག་ནས་མང་ཚོགས་སྒོར་མོ་ལག་པས་བཙགས།།
ཨ་ཁུ་སྟོན་པ་རྩ་ཆུ་རྩོད་ནས་ཕུ་ནུས་ཁྲག་གི་འཁོར་ལོ་བསྐོར།།
ཨ་ནེ་སྒྲོལ་མས་ཞེ་སྡང་དམར་པོའི་ཕྲེང་བ་བཟུང་ནས་ལག་པས་བགྲང།
ཤ་དང་རུས་པའི་བར་ན་བཞུར་པའི་ཡབ་མེས་ཟུངས་ཁྲག་རྡོག་རྫིག་བྱས།།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
ཕུ་བོ་ཚེ་རིང་གོས་ཆད་གྱོན་ནས་དུས་རབས་རྗེས་སུ་ཆོད་དགོས་ཟེར།།
ནུ་བོ་བསམ་འགྲུབ་གཞན་སྐད་སྦྱོངས་ན་མདུན་ལམ་ཡོད་རབས་ངག་ནས་བཤད།
ཕ་བུ་ལྷན་འཛོམས་ཡོང་བའི་དུས་ལ་གཞན་གྱི་སྐད་ནས་གོ་བརྡ་སྤྲོད།།
རང་གི་སྲོག་ལ་ནད་ཀྱིས་མནར་རུང་བསམ་གཞིག་བྱེད་མཁན་དཀོན་མོ་རེད།།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
ཨ་ཁུ་འབྲོག་པས་ཕྱུགས་ཟོག་སྤང་ནས་གཏི་མུག་རྒྱལ་པོ་ཁྱིམ་དུ་དྲངས།།
སོ་ནམ་རྒན་པོས་ཞིང་ས་བཙོང་ནས་གཡོ་སྒྱུ་ཕོ་ཉ་འཛུམ་གྱིས་བསུ།།
གཉིས་མེད་མི་དག་དུག་གིས་མནར་ནས་ཤ་དང་རུས་པ་སྐམ་ལ་ཉེར།།
སྲོལ་རྒྱུན་དོར་བའི་གནས་ཚུལ་མཐོང་དུས་ང་དང་ཁོ་མོའི་མིག་ཆུ་འཐོར།།
མཁས་ཆེན་མང་པོ་ནང་ལ་མི་མཐུན་ཕྱི་ཡིས་དགྲ་བོ་ནང་ལ་དྲངས།།
ཤེས་མེད་བླུན་པོ་གྱང་རྩྭ་འདྲ་བའི་གང་ཡིན་མི་ཤེས་ཧམ་རྒྱུགས་བྱེད།།
ངོ་ཚ་མེད་པའི་མྱི་ངན་དག་གིས་དཔོན་པོའི་རྐང་ལ་ལྕེ་ལྡག་བྱེད།།
སྙིང་རྗེ་བཤད་རུང་ཁ་ཁོག་ཙམ་ལས་གང་ཡང་མེད་པ་ཤེས་པར་གྱིས།།
ལེགས་ཉེས་བླང་དོར་གང་ཡིན་མི་ཤེས་བྱ་བ་ཀུན་ལ་འཇུག་པའི་ཚེ།།
མེས་པོ་དམ་པའི་མཛད་རྗེས་ཀུན་ལ་ཕྱི་མིག་མདའ་མོའི་རྒྱང་ལྟ་བྱོས།།
བྱམས་དང་སྙིང་རྗེའི་ངོ་བོ་མི་ཤེས་བསླུ་བྲིད་ངོ་དང་ནོར་བའི་ཚེ།།
གངས་ལྗོངས་མཁས་པའི་གཙུག་ན་མཛེས་པའི་སྐྱེས་ཆེན་དམ་པའི་བསྟན་བཅོས་ལྟོས།།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
གླུ་ཚིག་སྒྲིག་མཁན། རེ་འབོད།