曲桥弹唱
藏族之歌
歌手:黄金海
专辑:《藏族之歌》

作词 : 曲尔却
作曲 : 曲尔却
བོད་གླུ་རྣ་བའི་བུ་རམ།
藏之韵
ཚིག ཆོས་ཨ་མཆོག
词:曲尔却
དབྱངས། སྒྲུང་རྟ།
曲:民间
ལེན་མཁན། ཆོས་ཨ་མཆོག
演唱:曲尔却
ལྷོ་འཛམ་བུ་གླིང་གི་བྱང་ཕྱོགས་ལ།།
在世界的北端
ས་དགའ་མོ་དག་པའི་ཞིང་ཁམས་འདྲ།།
有个美丽的地方
གངས་དཀར་པོ་མཎྜལ་ཕུལ་འདྲ་ལ།།
那里的雪山圣洁
ཆུ་གཙང་པོ་དགའ་འཁྱིལ་བཀུག་འདྲ་ཡོད། །
那里是江河的流域
གནམ་ཨ་སྔོན་སྒྲོལ་མ་རང་བྱོན་ལ།།
天空湛蓝湛蓝
གསལ་ཉི་ཟླའི་རྣ་རྒྱན་ལམ་ལམ་འཕྲོ། །
日月星辰灿烂
སྤྲིན་དཀར་པོའི་ན་བཟའ་སྐུ་ལ་གསོལ། །
白云朵朵飘扬
ཆར་ཟིལ་མའི་དངོས་གྲུབ་ཟམ་ཟིམ་འཇོ། །
细雨缓缓飘落
མཚོ་སྔོན་མོ་ཡོན་ཆབ་བཤམས་འདྲ་ཡོད།།
河湖星罗棋布
བྱ་ངང་མས་མཚོ་ལ་གཡས་སྐོར་རྒྱག །
天鹅翩翩起舞
ནགས་རྒྱ་རྫོང་གཡུ་ལོའི་ཕོ་བྲང་ནས། །
绿林茵茵
བྱ་ཁུ་ལོས་དྲུག་འགྱུར་སྙན་མོ་སྒྲོག།
鹃鸣悠扬
སྤང་སྔོ་ལྗང་གཡུ་འབྲུག་ཁུགས་ཉལ་ལ།།
草原绿油油
རྟ་ནོར་ལུག་མུ་ཏིག་བཀྲམ་འདྲ་ཡོད། །
牛羊像珍珠
རྩྭ་རྩི་ཤིང་ཟིལ་བ་ཁྲོམས་སེ་ཁྲོམ།།
水草丰美
ཤྭ་རི་དྭགས་མ་བུ་རྩེ་བྲོ་འཁྲབ།།
动物安逸
སྨན་བུ་མོ་མཚོ་ཁའི་མེ་ཏོག་འདྲ།།
美丽的姑娘
བུ་ཕོ་སར་འབྲོང་གཡག་དར་མ་འདྲ། །
潇洒的汉子
མི་རྒས་པའི་བསམ་པ་དུང་དཀར་འདྲ།།
老人善良
ཆུང་བྱིས་པའི་རིག་པ་གློག་ལས་མྱུར།།
小孩聪明
མི་མཁས་པ་བྱོན་པའི་མཛད་རྗེས་ལ། །
是贤者的故乡
ཆོས་རིག་གཞུང་པོ་ཏི་བྲག་རི་འདྲ། །
书籍像山
བུ་དཔའ་བོ་འཁྲུངས་པའི་རྟགས་མ་ལ།།
英雄传说
ཡུལ་མཐའ་གཞིའི་རྒྱལ་ཁམས་བདེ་ལ་བཀོད།།
流传千年
ས་འདི་ཡི་ས་ངོ་མ་ཤེས་ན། །
这是我的故乡
འདི་སྒང་པ་བོད་ཀྱི་ས་ཆ་རེད།།
这是藏家之地
བུ་ང་འདྲ་ང་ངོ་མ་ཤེས་ན།།
我是快乐的男儿
ང་སྒང་པ་བོད་ཀྱི་བུ་ཆུང་ཡིན།།
我爱我的故乡
གླུ་འདི་ཡི་གླུ་ངོ་མ་ཤེས་ན།།
这是我的歌
འདི་བོད་གླུ་རྣ་བའི་བུ་རམ་ཡིན། །
我用歌声来
གླུ་བླངས་ཚད་ཆོས་ལ་འགྱུར་བར་སྨོན།།
祝您身体健康
ངག་བཀུག་ཚད་བདེ་འགྲོ་ཐོབ་པར་སྨོན།།
事事顺利
更多>> 黄金海的热门歌曲