扎西德勒
白玛拉姆歌曲精选
歌手:白玛拉姆
专辑:《白玛拉姆歌曲精选》

作词 : 仓决卓玛
作曲 : 丹巴
༺ བཀྲ་ཤིས་བདེ་ལེགས། ༻
ཚིག མཚམས་གཅོད་སྒྲོལ་མ།
གདངས། བསྟན་པ།
གཞས་མ། པད་མ་ལྷ་མོ།
ལོ་འཁོར་གཅིག་ལ་དུས་གཅིག
བཀྲ་ཤིས་དུས་ཆེན་ཐེངས་གཅིག
ལོ་གསར་ཚེས་གཅིག་གི་ཉིན་མོ།
ང་ཚོ་ནང་མི་ལྷན་རྒྱས།
དགའ་དགའ་སྤྲོ་སྤྲོ་མཉམ་འཛོམས།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
ཨ་མ་བག་གྲོ་སྐུ་ཁམས་བཟང་།
ཆ་སྒམ་ཚེ་རིང་དྲུག་འཁོར་གྱི་སྒང་ལ་སྒང་ལ།
ཕྱེ་མར་བཀྲ་ཤིས་རྟགས་ལ་བརྒྱད་རྟགས་ལ་བརྒྱད།
གཟིམ་ཆུང་ཁྲ་ཁྲ་སིལ་སིལ་ནང་ལ།
བཞུགས་གདན་བྱ་འབྲུག་ཁ་སྤྲོད།
མཆོད་དང་ལགས་དང་མཆོད་དང་ལགས།
བཀྲ་ཤིས་མཆོད་ཆང་མཆོད་དང་།
གསན་དང་ལགས་དང་གསན་དང་ལགས།
བཀྲ་ཤིས་གླུ་དབྱངས་གསན་དང་།
དགའ་དགའ་སྤྲོ་སྤྲོའི་མཆོད་ཆང་འདི་མཆོད་ཆང་འདི།
གསུམ་སྒྲོན་མཉེས་བཏཊ་གནང་ལ་དང་གནང་ལ་དང་།
མཆོད་ན་བསམ་བསམ་མ་གཏོཊ།
མ་མཆོད་ཡིད་ལ་མིན་འདུག
གཞས་ཚིག་སྒྲིག་མཁན། འཕྱོངས་རྒྱས་བསོད་དབང་།
ལོ་འཁོར་གཅིག་ལ་དུས་གཅིག
བཀྲ་ཤིས་དུས་ཆེན་ཐེངས་གཅིག
ལོ་གསར་ཚེས་གཅིག་གི་ཉིན་མོ།
སྐུ་མགྲོན་རྣམས་པ་ལྷན་རྒྱས།
དགའ་དགའ་སྤྲོ་སྤྲོ་གནང་དང་།
ཁྱེད་རང་སྐུ་ཁམས་བཟང་བ་ལ།
ང་ཡང་ལུས་པོ་བདེ་བ་ལ།
ལྷན་རྒྱས་དམ་ཚིག་བཟང་བ་ལ་བཟང་བ་ལ།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་ཕུན་སུམ་ཚོགས།
ཁྱེད་རང་སྐུ་ཁམས་བཟང་བ་ལ།
ང་ཡང་ལུས་པོ་བདེ་བ་ལ།
མཆོད་དང་ལགས་དང་མཆོད་དང་ལགས།
བཀྲ་ཤིས་མཆོད་ཆང་མཆོད་དང་།
གསན་དང་ལགས་དང་གསན་དང་ལགས།
བཀྲ་ཤིས་གླུ་དབྱངས་གསན་དང་།
དགའ་དགའ་སྤྲོ་སྤྲོའི་མཆོད་ཆང་འདི་མཆོད་ཆང་འདི།
གསུམ་སྒྲོན་མཉེས་བཏགས་གནང་ལ་དང་གནང་ལ་དང་།
མཆོད་ན་བསམ་བསམ་མ་གཏོགས།
མ་མཆོད་ཡིད་ལ་མིན་འདུག
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
སྐུ་མགྲོན་རྣམས་པ་ལྷན་རྒྱས་སྐུ་ཁམས་བཟང་ལོ།
更多>> 白玛拉姆的热门歌曲