歌手:
多杰久梅
专辑:
《故乡》 作词 : རིག་འཛིན་རྣམ་རྒྱལ།
作曲 : རིག་འཛིན་རྣམ་རྒྱལ།
ཕ་ཡུལ།
ཚིག རིག་འཛིན་རྣམ་རྒྱལ།
དབྱངས། ཆོས་དར།
གཞས་པ། རྡོ་རྗེ་འཇིགས་མེད།
སྒ་སྟོད་ཇོ་བོའི་གཟི་བྱིན་དབུ་འཕངས་མཐོ།
རྨ་འབྲི་དབྱངས་ཀྱི་རྒྱལ་མོས་འགྱུར་ཁུག་སྙན།
མཐོ་སྒང་གནས་མཆོག་གངས་ཀྱི་ཅོད་པན་འཛིན།
འབའ་ཡུལ་གཡང་སྡེ་བདེ་སྐྱིད་དཔལ་ལ་རོལ།
ཨ་་་་་་ཕ་ཡུལ་་་་ཕ་ཡུལ་་་་ཕ་ཡུལ།
འབའ་ཡུལ་གཡང་སྡེ་བདེ་སྐྱིད་དཔལ་ལ་རོལ།
ངའི་མཛེས་པའི་ཕ་ཡུལ།
དབྱངས་གསར་དུང་གི་སྒྲ་དབྱངས་ངག་ན་འཇོ།
དགེ་བཅུ་སྲོལ་གྱི་ཉི་འོད་མཁའ་ན་འཛུམ།
བྱམས་བརྩེའི་གསེར་གྱི་ས་གཞི་རྩི་ཤིང་རྒྱན།
གངས་རི་མི་ཁྱུད་བསྐོར་བའི་ལྗོངས་རྣམས་སྐྱིད།
ཨ་་་་་་ཕ་ཡུལ་་་་ཕ་ཡུལ་་་་ཕ་ཡུལ།
གངས་རི་མི་ཁྱུད་བསྐོར་བའི་ལྗོངས་རྣམས་སྐྱིད།
ངའི་སྐྱིད་པའི་ཕ་ཡུལ།
བདེ་སྐྱིད་དབྱངས་གི་བུ་ཆུང་ཁྱིམ་ན་རྩེན།
སྐྱིད་དགའ་ལང་ཚོའི་མེ་ཏོག་མཐའ་ན་བཀྲ
བཀྲ་ཤིས་ཚིག་གི་རྟེན་འབྲེལ་བར་ན་ཆགས།
དོན་འགྲུབ་སེམས་ཀྱི་སྨོན་པ་དབྱངས་སུ་སྙན།
ཨ་་་་་་ཕ་ཡུལ་་་་ཕ་ཡུལ་་་་ཕ་ཡུལ།
དོན་འགྲུབ་སེམས་ཀྱི་སྨོན་པ་དབྱངས་སུ་སྙན།
ངའི་མཛེས་པའི་ཕ་ཡུལ།