歌手:
关却才旦
专辑:
《关却才旦音乐》 作词 : 旭日尖措
作曲 : 那那
དག་པའི་ཞིང་ཁམས།
香巴拉之地
Hometown
གཞས་དབྱངས ན་ན།
作曲:那那
གཞས་པ དཀོན་མཆོག་ཚེ་བརྟན།
歌手:关却才旦
ང་འགྲོ་ས་རྩྭ་ཐང་ཆེན་པོ་ཡིན།
ངའི་རྒྱབ་རི་གངས་རི་དཀར་པོ་ཡིན།
ངའི་འགྲོ་རོགས་འདོ་རིགས་རྟ་ཕོ་ཡིན།
ངའི་འཚོ་བ་ནམ་ཡང་རང་དབང་ཡིན།
ང་སྐྱེ་ས་སོག་བོད་ཞིང་ཁམས་ཡིན།
ངའི་རྩེད་གྲོགས་གཡང་དཀར་ལུག་ཁྱུ་ཡིན།
ངའི་འཐུང་རྒྱུ་འབྲི་མོའི་འོ་མ་ཡིན
ངའི་ཕ་ཡུལ་སྐྱིད་པའི་རྩྭ་ཐང་ཡིན།
ཨ་་ཧ...
ངའི་འཐུང་རྒྱུ་འབྲི་མའི་འོ་ཞོ་ཡིན།
ངའི་ཕ་ཡུལ་དག་པའི་ཞིང་ཁམས་ཡིན།
ང་སྐྱེ་ས་སྨན་བླའི་ཕོ་བྲང་ཡིན།
ང་དད་ས་བསླུ་མེད་དཀོན་མཆོག་ཡིན།
ང་དུང་ས་གངས་རིའི་ཆུ་བོ་ཡིན།
ང་སྐྱེ་ས་བདེ་བའི་ཞིང་ཁམས་ཡིན།
ངའི་ཁ་ཐོན་མ་ཎི་ཡིག་དྲུག་ཡིན།
ངའི་བཟའ་རྒྱུ་སྦྲང་དཀར་རྩམ་པ་ཡིན།
ངའི་དགའ་ཕྱོགས་བརྩེ་བའི་དགོད་སྒྲ་ཡིན།
ངའི་ཕ་ཡུལ་སྤང་ལྗོངས་སྔོན་མོ་ཡིན།
ཨ་་ཧ.....
. ངའི་དགའ་ཕྱོགས་བརྩེ་བའི་དགོད་སྒྲ་ཡིན།
ངའི་ཕ་ཡུལ་སྤང་ལྗོངས་སྔོན་མོ་ཡིན།
ཨ་་ཧ.....
. ངའི་དགའ་ཕྱོགས་བརྩེ་བའི་དགོད་སྒྲ་ཡིན།
གནས་སྐྱིད་པོ་དག་པའི་ཞིང་ཁམས་ཡིན།