持明·仓央嘉措
仓央之声
歌手:理塘降央
专辑:《仓央之声》

作词 : 格尔赛奥
作曲 : 索郎达吉
࿄࿄࿄
ལྷིང་འཇགས་ཀྱི་རི་གྲོང་།
སེམས་ཚོར་གྱིས་དཀྲོགས་ཏེ།
རེ་བ་དང་ཕུགས་བསམ་དབྱངས་རྟ་ལ་བཅོལ་ནས།
སྙན་ངག་འབྲི་ཞོར།
རི་གྲོང་འདིའི་གནམ་ས་རོལ་དབྱངས་ཀྱིས་སྒུལ་མྱོང་།
མཐོ་སྒང་གི་ལི་ཐང་།
བརྩེ་གཞས་ཞིང་ཁམས་དུ་གྲགས་པའི་རི་གྲོང་།
བརྩེ་དབྱངས་ཀྱིས་ཁྱབ་སོང་།
࿄࿄࿄
ལྷིང་འཇགས་ཀྱི་རི་གྲོང་།
སེམས་ཚོར་གྱིས་དཀྲོགས་ཏེ།
རེ་བ་དང་ཕུགས་བསམ་དབྱངས་རྟ་ལ་བཅོལ་ནས།
སྙན་ངག་འབྲི་ཞོར།
རི་གྲོང་འདིའི་གནམ་ས་རོལ་དབྱངས་ཀྱིས་སྒུལ་མྱོང་།
མཐོ་སྒང་གི་ལི་ཐང་།
བརྩེ་གཞས་ཞིང་ཁམས་དུ་གྲགས་པའི་རི་གྲོང་།
བརྩེ་དབྱངས་ཀྱིས་ཁྱབ་སོང་།
རིག་འཛིན་ཚངས་དབྱངས་རྒྱ་མཚོ།
བརྩེ་གཞས་ཀྱི་རྒྱལ་པོ།
སྙན་ངག་གི་བདག་པོ།
རིག་འཛིན་ཚངས་དབྱངས་རྒྱ་མཚོ།
࿄࿄࿄
དགའ་སྡུག་གི་ཚོར་བ།
མགྲིན་པ་ཡིས་བསྟད་ནས།
དགའ་སྐྱོ་དང་ཆགས་སྡང་དབྱངས་རྟ་ལ་བཅོལ་ནས།
མགུར་དབྱངས་ལེན་ཞོར།
སྐྱེ་འགྲོ་ཡི་སེམས་པ་གླུ་ངག་གིས་བཀུག་མྱོང་།
ཚངས་དབྱངས་རྒྱ་མཚོ།
དབྱངས་གསལ་སོ་བཞི་ཡི་ཕྲེང་ཚོགས་བསྟར་མ།
སྙན་ངག་ལ་བརྒྱུས་སོང་།
རིག་འཛིན་ཚངས་དབྱངས་རྒྱ་མཚོ།

དུས་རབས་ཀྱི་དཔའ་བོ།
རིག་འཛིན་ཚངས་དབྱངས་རྒྱ་མཚོ།
ཚངས་མགུར་གྱི་བྱེད་པོ།
འཚོ་བ་ཡི་གྲུ་ཁ་དང་ཟུར་ངོས་རེ་རེ་ན།
བརྗེད་མེད་ཀྱི་དྲན་ཤིང་གསོན་པོ་རེ་ཡོད།
དེ་ནི་ཁུ་བྱུག་བཞིན་རྒྱང་ནས་གྲགས་པའི།
ཆེས་ཐོག་མའི་ཁྱེད་ཀྱི་དབྱངས་རྟ་དེ་ཡིན།
ལོ་རྒྱུས་དང་རེ་སྙེག་གི་རྒྱབ་ལྗོངས་དེ་ན།
ཁྱེད་ཀྱིས་བསྐྲུན་པའི་དཀའ་སྡུག་དང་དངུལ་ཆུ་ཡོད།
དེ་ནི་ཉི་འོད་བཞིན་དྲོད་ཁོལ་ལྡན་པའི།
ཚངས་དབྱངས་རྒྱ་མཚོའི་རྣམ་ཤེས་གསོན་པོ་དེ་ཡིན།
རིག་འཛིན་ཚངས་དབྱངས་རྒྱ་མཚོ།
རིག་འཛིན་ཚངས་དབྱངས་རྒྱ་མཚོ།
རིག་འཛིན་ཚངས་དབྱངས་རྒྱ་མཚོ།
རིག་འཛིན་ཚངས་དབྱངས་རྒྱ་མཚོ།
RengTsing文化传媒
更多>> 理塘降央的热门歌曲