བརྩེ་བའི་ཡིད་འཕྲོག་ལྷ་མོ
《灵魂净土.亚丁》
歌手:索郎达吉
专辑:《《灵魂净土.亚丁》》

作词 : བསོད་ནམས་དར་རྒྱས།
作曲 : བསོད་ནམས་དར་རྒྱས།
བརྩེ་བའི་ཡིད་འཕྲོག་ལྷ་མོ།

ཚིག བསོད་ནམས་དར་རྒྱས།

དབྱངས། བསོད་ནམས་དར་རྒྱས།

དབྱར་ཟླ་གསུམ་པ་ཤར་དུས། །
ཁུ་བྱུག་གསུང་སྐད་གྲགས་བྱུང་། །
སྦྲང་ཆར་ཟིལ་མ་འབབ་དུས། །
མཛེས་ལྡན་ལྷ་མོ་དྲན་བྱུང་། །
བརྩེ་བའི་ཡིད་འཕྲོག་ལྷ་མོ། །
གཞན་ལ་བློ་གཏད་མ་ཤོར། །
ཚེ་གྲོགས་བུ་ཆུང་བདག་ལ། །
སྤྱན་མིག་གཟིགས་པ་གནང་དང་། །

ལ་ལ་ལ། ཡིད་ལ་ཝ་ལེ་ཝལ་ལེ།
ལ་ལ་ལ། ག་ལེར་བཞུགས་ཤིག་གསུང་བྱུང་། །

ཁམ་བུ་ཁ་ལ་ཞིམ་པས། །
མེ་ཏོག་མིག་ལ་མཛེས་པས། །
ཁམ་སྡོང་མཐོན་པོའི་རྩེ་ནས། །
བྱིའུ་ཆུང་གསུང་སྐད་སྙན་པས། །
སྔོ་ལྗང་དབྱར་གྱི་མཛེས་ལྗོངས། །
མ་འགྱང་ནམ་ཟླ་ཤར་བས། །
བྱ་རྒྱལ་ཁུ་བྱུག་སྔོན་མོར། །
རེ་སྒུག་བྱས་ནས་བསྡད་ཡོད། །
ལ་ལ་ལ་ལ། བྱིའུ་ཆུང་གསུང་སྐད་སྙན་པོས། །
ལ་ལ་ལ་ལ། བྱ་རྒྱལ་ཁུ་བྱུག་སྔོན་མོར། །
ལ་ལ་ལ་ལ། ཁམ་བུའི་མེ་ཏོག་བཞད་བྱུང་། །
ལ་ལ་ལ་ལ། རེ་སྒུག་བྱས་ནས་བསྡད་ཡོད། །
ལ་ལ་ལ་ལ། རེ་སྒུག་བྱས་ནས་བསྡད་ཡོད། །

更多>> 索郎达吉的热门歌曲